མཆོད་མར་སྦྱར་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:37ལ་འགྲུབ།

མཆོད་མར་སྦྱར་བ།

མཆོད་མར་སྦྱར་བ།
སྙན་ངག་འདི་ལས་དབྱང་ཚང་གི་མིང་སྲིང་གཉིས་ཀྱིས་ཆུས་ཅང་གི་དཔྱིད་ཀའི་དུས་ཀྱི་སྤྲོ་གསེང་གི་གནས་ཚུལ་ཞིབ་འབྲི་བྱས་ཏེ།དབང་སྒྱུར་པའི་ལོག་གཡེམ་རུལ་སུངས་དང་། བཙན་ཤེད། དབང་ཤེད་བཅས་ཀྱི་སྐྱུག་བྲོ་བའི་རྣམ་པ་ཐེར་འདོན་བྱས་ཤིང་། ཕྱོགས་གཞན་ཞིག་ནས་ཨན་ཧྲིའི་ཟིང་འཁྲུག་གི་སྔ་ནུབ་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
丽人行
འགྱུར་ཡིག་གི་ཁ་བྱང་།
མཆོད་མར་སྦྱར་བ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

三月三日天气新,长安水边多丽人。

态浓意远淑且真,肌理细腻骨肉匀。

绣罗衣裳照暮春,蹙金孔雀银麒麟。

头上何所有,翠为廅叶垂鬓唇。

背后何所见,珠压腰衱稳称身。

就中云幕椒房亲,赐名大国虢与秦。

紫驼之峰出翠釜,水精之盘行素鳞。

犀箸厌饫久未下,鸾刀缕切空纷纶。

黄门飞鞚不动尘,御厨络绎送八珍。

箫鼓哀吟感鬼神,宾从杂沓实要津。

后来鞍马何逡巡,当轩下马入锦茵。

杨花雪落覆白苹,青鸟飞去衔红巾。

炙手可热势绝伦,慎莫近前丞相嗔。

2 འགྱུར་ཡིག 

ནག་ཟླའི་ཚེས་པ་གསུམ་ལ་གནམ་གཤིས་གསལ༎ ཁྲང་ཨན་ཆུ་འགྲམ་ལ་ནི་མཆོར་མ་མང་༎ 

མཚར་སྡུག་འགྱུར་བག་ཚུལ་ལྡན་སེམས་པ་མཐོ༎ ལས་ཀྱི་རེ་ཁ་ཕྲ་རྙི་ཤ་རུས་འཕྲོད༎

ཟ་འོག་བརྩེགས་མའི་གོས་ལ་དཔྱིད་དཔལ་ཤར༎ གསེར་གྱི་རྨ་བྱ་དངུལ་གྱི་ཧ་རི་དྲུབས༎

མཆོར་མའི་མགོ་ལ་རྒྱན་ཆ་གང་ཞེ་ན༎ གཡང་ཊི་ལྗང་གུའི་མེ་ཏོག་འགྲམ་པར་འཕྱང་༎

དེ་ཡི་རྒྱབ་ཏུ་ཅི་ཞིག་མཐོང་ཞེ་ན༎ སྐེད་འཆིང་མུ་ཏིག་བརྒྱན་པ་ལུས་ལ་འཕྲོད༎

སྤྲིན་རིས་ཡོལ་བའི་བཙུན་མོའི་ལྡིང་ཁང་ན༎ ཀའོ་དང་ཆིན་ལ་གནང་བའི་བཙུན་མོ་ཡོད༎

སླ་ང་ལྗང་གུར་རྔ་མོང་ནོག་ཤ་འདུ༎ ཆུ་ཤེལ་སྡེར་མར་དངུལ་མདོག་ཉ་ཤ་བཤམས༎

ཟ་བར་སུན་པས་བསེ་རུའི་ཐུར་མ་ཁོམ༎ གྲིའུས་ཞིབ་མོར་འཐག་པ་ངལ་བའི་རྒྱུ༎

སྒོ་སེར་རྟ་ཕོས་ཐལ་རྡུལ་དཀྲོགས་མི་ཕོད༎ གསོལ་ཐབ་ཁང་ལས་ཟས་མཆོག་འཚམས་མེད་དྲངས༎

སྔོན་འགྲོའི་གླིང་བུ་རྔ་སྒྲས་ལྷ་འདྲེ་འགུགས༎ སྐུ་མགྲོན་ཟ་ཟི་ལམ་གྱི་གནད་ལས་བསླེབས༎

རྗེས་མར་སླེབ་མཁན་ཇི་འདྲའི་དྲེག་སྙེམས་ལྡན༎ ཤིང་རྟའི་གམ་ནས་བབས་ལ་གདན་སྟེང་བཞུད༎

སྦྱར་ལྕང་མེ་ཏོག་གངས་བཞིན་ཀུ་ཤུ་འགེབས༎ བྱ་སྔོན་གདོང་འཕྱིད་དམར་པོ་བཟུང་ནས་འཕུར༎

དབང་སྟོབས་ཟླ་བྲལ་ལག་པ་ཁྱོག་གྱུར་བ༎ བློན་གྱི་མདུན་དུ་མ་གཅར་ཁྲོ་བར་གཟོབ༎

3 མཆན། 

ནག་ཟླ། ལུག་རྙིང་ཟླ་གསུམ་པ། 

ཧ་རི། རི་དྭགས་ཧ་རི་ཕོ་མོ། 

ཀའོ་དང་ཆིན། རྒྱལ་ཁབ་གཉིས་ཀྱི་མིང་ངོ་༎ ཐང་གོང་མའི་བཙུན་མོ་དེ་འོག་མ་དབྱང་ཡུས་ཧྲན་གྱི་སྤུན་གཉིས་དེའི་རྒྱལ་པོ་གཉིས་ལ་གནང་བ། 

སྒོ་སེར། སྔར་ཉུག་རུམ་པ་སྡོད་གནས། 

ལག་པ་ཁྱོག ལག་པ་ཚ་བར་གྱུར་བའོ༎ 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

ནག་ཟླ། ཧ་རི། སྒོ་སེར། དབང་སྟོབས།