གསོལ་ཆང་འབུལ་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:39ལ་འགྲུབ།

གསོལ་ཆང་འབུལ་བ།

གསོལ་ཆང་འབུལ་བ།
སྙན་ངག་འདིའི་ནང་དུ་རྩོམ་པ་པོས་གསོལ་ཆང་འབུལ་བ་ལ་བརྟེན་ནས་འབྱོར་ལྡན་དང་ཁྱད་འཕགས་ཅན་ལ་མཐོང་ཆུང་གི་རྣམ་པ་བསྟན་ཏེ། རང་སེམས་ཀྱི་ཐོབ་ཤོར་དང་། སྐྱོ་ངལ། རང་རྟོན་སོགས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
将进酒
འགྱུར་ཡིག་གི་ཁ་བྱང་།
གསོལ་ཆང་འབུལ་བ།
རྩོམ་པ་པོ།
李白
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

君不见黄河之水天上来,奔流到海不复回。

君不见高堂明镜悲白发,朝如青丝暮成雪。

人生得意须尽欢,莫使金樽空对月。

天生我材必有用,千金散尽还复来。

烹羊宰牛且为乐,会须一饮三百杯。

岑夫子,丹邱生,将进酒,杯莫停。

与君歌一曲,请君为我倾耳听。

钟鼓馔玉不足贵,但愿长醉不愿醒。

古来圣贤皆寂寞,惟有饮者留其名。

陈王昔时宴平乐,斗酒十千恣欢谑。

主人何为言少钱,径须沽取对君酌。

五花马,千金裘。

呼儿将出换美酒,与尔同销万古愁。

2 འགྱུར་ཡིག 

གསེར་ལྡན་ཆུ་བོ་མཁའ་ནས་འོང་བཞིན་རྒྱ་མཚོ་ཆེན་པོ་ལ༎ ལྷུང་ལྷུང་བཞུར་ཞིང་ཕྱིར་མི་ལྡོག་མ་ཉིད་ཀྱིས་མཐོང་གྱུར་ཏམ༎

ཉིད་ཀྱིས་ཚོམས་སུ་བཞིན་གྱི་སྣོད་དུ་སྐྲ་དཀར་མཐོང་བས་སྐྱོ༎ ཞོགས་པའི་གནག་སྣུམ་སྐྲ་ལོ་སྲོད་ལ་བ་མོ་བཞིན་དུ་གྱུར༎

འདོད་དོན་འགྲུབ་དུས་དགའ་བདེའི་དཔལ་ལ་རོལ༎ གསེར་རྐྱན་སྟོང་བ་ཟླ་བར་མ་གཏད་ཅིག །

གནམ་གྱིས་འུ་ཅག་བསྐྱེད་བ་མཁོ་ངེས་ཏེ༎ སྟོང་སྒོར་བརླགས་ཀྱང་ཕྱིར་དུ་སླར་ཡང་འདུ༎

ནོར་ལུག་བཤས་ཤིང་བཅོས་པས་རེ་ཞིག་སྐྱིད༎ བཏུང་ཐེངས་ཤིག་ལ་ཆང་ཚུགས་གསུམ་རེ་འོས༎

གྲོགས་མཆོག་ཚེན་ཞུན་དང་ནི་ཡོན་དན་ཆིའུ༎ གསོལ་ཆང་བཞེས་ལ་ཆང་ཚུགས་མཚམས་མ་འཇོག །

རྣམ་པ་ལ་ནི་བདག་གིས་གླུ་ཞིག་གྱེར༎ གང་གིས་རྣ་བ་བླགས་ཏེ་ཕྲན་ལ་ཉོན༎

ཅོང་བརྡའི་སྒྲ་བསྒྲགས་ཞལ་ཟས་རྩ་ཆེན་ཅི༎ རྟག་ཏུ་མྱོས་ཏེ་སངས་རྒྱུ་མེད་པར་འདོད༎

དམ་པ་གཙུག་ཏུ་གནའ་ནས་མི་བཀུར་བས༎ བཏུང་མཁན་ཁོ་ནའི་མིང་སྙན་རྗེས་སུ་འཇོག །

སྔ་དུས་ཁྲེན་ཝང་ཕེན་ལོར་ཆང་སྟོན་བཤམས༎ ཆང་ཚུགས་རྒྱ་མཚོ་བཏུངས་ལ་དགའ་བདེར་རོལ༎

བདག་པོས་སྒོར་མོ་ཉུང་ཞེས་ཅི་ཕྱིར་སྨྲ༎ སྐུ་ཉིད་ལ་ནི་ཉོས་ཏེ་རང་དགར་བླུད༎

རྟ་ཁྲ་དང་ནི་སྟོང་རིན་པགས་པའི་གོས༎ བྱིས་པ་མངགས་ཏེ་ཆང་དུ་བརྗེར་བཅུག་ནས༎

ཁྱོད་དང་མཉམ་དུ་སྐལ་བ་སྟོང་ཕྲག་གི། སེམས་ཀྱི་སྡུག་བསྔལ་མ་ལུས་བྱང་བར་བྱ༎

3 མཆན། 

གསེར་ལྡན་ཆུ་བོ། རྨ་ཆུའོ༎ 

བཞིན་གྱི་སྣོད། བཞིན་གྱི་མེ་ལོང་། 

གསེར་རྐྱན། ཇ་ཆུ་སོགས་ལྡུད་བྱེད་ཀྱི་སྣོད་ཅིག་གི་མིང་སྟེ། ཟངས་རྒྱན། དངུལ་རྐྱན། གསེར་རྐྱན་ལྟ་བུའོ༎ 

ཁྲེན་ཝང་། ཚའོ་ཚའོ་ཡི་བུ་ཚའི་ཀྲི་ལ་ཟེར། 

ཕེན་ལོ། ཕོ་བྲང་ཞིག་གི་མིང་། 

4 རྩོམ་པ་པོ་ངོ་སྤྲོད། 

ལི་པའེ། (701-762)མིང་གཞན་ལ་ཐའེ་པེ་ཟེར།  ཐང་རྒྱལ་རབས་སྐབས་ཀྱི་རླབས་ཆེ་བའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ལ། རྗེས་རབས་པ་རྣམས་ཀྱིས་ཁོང་ལ“སྙན་ངག་གི་ལྷ”ཞེས་པའི་མཚན་སྙན་བཏགས་ཡོད། ཚབ་མཚོན་བརྩམས་ཆོས་ལ《ལུའུ་ཧྲན་རྦབ་ཆུ་ལ་ལྟ་བ》དང་། 《འགྲོ་ལམ་ཀྱག་ཀྱོག》《བགྲོད་པར་དཀའ་བའི་ཧྲུའུ་ལམ》《ཆང་འདྲེན》སོགས་ཡོད་པར་མ་ཟད། ཕྱི་རབས་པས《ལི་པའེ་ཡི་སྙན་ངག་ཕྱོགས་སྒྲིག》སོགས་བསྒྲིགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎