ད་ལི་བཅུ་བ།སྔ་མའི་པར་གཞི་དེ བླ་མ་གཡང་སངས། ནས 2020-01-02 09:12ལ་འགྲུབ།
ད་ལི30 ཤིང་ཚ10 པུ་ཤེལ་ཙེ15 སུག་སྨེལ15 དབྱི་མོང15 ན་གཔུཥྦ10 བྱི་ཙེ་ལག10 ཚ་བ་གསུམ15རེ་སྦྱོར་དགོས།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་སྡེབ་ཅིག་ཡིན་ལ་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།
སྨན་འདི་ཁ་དོག་སེར་སྨུག་ཅན། རོ་ཚ་བ། དྲི་ཞིམ་པ། ནུས་པ་དྲོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་མེད།
སྨན་འདིའི་ཕན་ཡོན་ནི། སྨན་འདིས་གཞང་དང་སྙིང་འཕར་དང་༎ དབུགས་མི་བདེ་དང་སྐྲན་དང་ནི༎ བད་རླུང་སྲིན་ནད་ལྟོ་སྦོས་སེལ༎ ཞེས་གསུངས་སོ༎
སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་ཕུལ་དགོས་སོ༎
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།