ད་ལི་དགུ་བ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

ད་ལི་དགུ་བ།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་ཚ་བ། དྲི་ཞིམ་པ། ནུས་པ་དྲོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་མེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གསོ་རིག
རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།
1 སྡེབ་ཁ།

ད་ལི50 སུག་སྨེལ30 ཤིང་ཚ20 ཟི་ར་ནག་པོ20 ཁ་རུ་ཚྭ15 ཚ་བ་གསུམ20རེ། ཀ་ཀོ་ལ25བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་སྡེབ་ཅིག་ཡིན་ལ་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་ཚ་བ། དྲི་ཞིམ་པ། ནུས་པ་དྲོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་མེད།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། བད་རླུང་ལྡན་པའི་མཚེར་ནད་སེལ་བའི་མཆོག། ཅེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་ཕུལ་དགོས་སོ༎

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།