ཨ་ཧྥུ་ཅ་ཏེ་ལོ་ནི་དབྱི་ཐ་ལིའི་དངོས་ལུགས་རིག་པའི་མཁས་པ་ཞིག་ཡིན། སྤྱི་ལོ1776ལོར་ཏུའུ་ལིན་དུ་སྐྱེས་ཤིང་། སྤྱི་ལོ1856ལོའི་ཟླ7པའི་ཚེས9ཉིན་ཏུའུ་ལིན་དུ་གཤེགས། སྤྱི་ལོ1792ལོའི་ཟླ8པར་ཏུའུ་ལིན་སློབ་གྲྭ་ཆེན་མོར་སོང་ནས་ཁྲིམས་ལུགས་བསླབས། སྤྱི་ལོ1796ལོར་རྒྱལ་ཁྲིམས་རབ་འབྱམས་པའི་སློབ་ཐོན་ལག་ཁྱེར་ཐོབ། དུས་དེ་ནས་བཟུང་ཁྲིམས་ལུགས་ཀྱི་བྱ་བ་སྒྲུབ། སྤྱི་ལོ1800-སྤྱི་ལོ1805ལོར་སླར་ཡང་རྩིས་རིག་དང་དངོས་ལུགས་ཁོ་ན་སློབ་སྦྱོང་བྱས། རྗེས་སུ་གཙོ་བོ་དངོས་ལུགས་དང་རྫས་འགྱུར་ལ་ཞིབ་འཇུག་བྱས། སྤྱི་ལོ1811ལོར་ཏུའུ་ལིན་ཚན་རིག་གླིང་གི་ཡོན་ཧྲི་ལ་བདམས།
ཨ་ཧྥུ་ཅ་ཏེ་ལོ་ཡིས་སྤྱི་ལོ1811ལོར་ཨ་ཧྥུ་ཅ་ཏེ་གཏན་སྲོལ་བཏོན། དེའི་ནང་དོན་ནི་དྲོད་ཚད་གཅིག་འདྲ་དང་གནོན་དྲག་གཅིག་འདྲའི་འོག་ཏུ། བོངས་ཚད་འདྲ་བའི་རླུང་གཟུགས་གང་རུང་ནང་དུ་འདུས་པའི་ཆ་རྡུལ་གྲངས་གཅིག་མཚུངས་ཡིན་ཞེས་པ་དེ་ཡིན།
དུས་རབས19བར་ཨ་ཧྥུ་ཅ་ཏེ་ལོ་ཡི་གཞུང་ལུགས་དེ་ཚན་རིག་ཁྱབ་ཁོངས་ཀྱིས་ད་དུང་ཁས་ལེན་དང་དངོར་བཤེར་ཡང་དག་གིས་བདེན་དཔང་མ་བྱས་གོང་དུ་མི་རྣམས་ཀྱིས་རྒྱུན་པར་དེར་ཨ་ཧྥུ་ཅ་ཏེ་ལོ་ཡི་ཆ་རྡུལ་དཔེ་འཇོག་ཅེས་བརྗོད་བཞིན་ཡོད། ལོ་ངོ་འགའི་རྗེས་ཀྱི་ཉེ་རབས་རྫས་འགྱུར་གཞུང་ལུགས་ཞེས་པའི་དཔེ་ཆ་འགྲེམས་སྤེལ་བྱས་པ་དང་། དཔེ་འཇོག་དེར་ཚན་རིག་གིས་བདེན་དཔང་བྱས་རྗེས། མི་རྣམས་ཀྱིས་དེར་ད་གཟོད་ཨ་ཧྥུ་ཅ་ཏེ་ལོའི་གཏན་སྲོལ་ཞེས་ཟེར་བ་དང་། བདེན་དཔང་གི་ནང་དུ་མི་རྣམས་ཀྱིས་དྲོད་ཚད་དང་གནོན་དྲག་ཚང་མ་འདྲ་བའི་གནས་ཚུལ་འོག་ཏུ་མོར1ཡོད་པའི་རླུང་གཟུགས་གང་རུང་གིས་ཟིན་པའི་བོངས་ཚད་ཚང་མ་གཅིག་འདྲ་ཡིན་པ་ཤེས་པ་རེད། དཔེར་ན། 0℃དང་། གནོན་དྲག་760mmHgཡི་སྐབས་སུ། རླུང་གཟུགས་གང་རུང་མོར1གི་བོངས་ཚད་ཚང་མ་ཧྲིན22.4དང་ཕལ་ཆེར་འདྲ། མི་རྣམས་ཀྱིས་འདི་ལས་ཕབ་རྩིས་བྱས་པ་སྟེ། རྒྱུན་གྲངས་འདིའི་མིང་ལ་ཨ་ཧྥུ་ཅ་ཏེ་ལོ་རྒྱུན་གྲངས་ཞེས་བཏགས་ཏེ། ཕུལ་དུ་བྱུང་བའི་ཚན་རིག་པ་འདིར་རྗེས་དྲན་བྱེད་པ་ཡིན།