ཨུ་ཡོན་ལྷན་ཁང་གི་ལམ་ལུགས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-30 11:35ལ་འགྲུབ།

ཨུ་ཡོན་ལྷན་ཁང་གི་ལམ་ལུགས།

ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ནི་སྤྱི་མཐུན་སྲིད་དབང་གི་སྒྲིག་གཞིའི་དམིགས་བསལ་གྱི་རྣམ་པ་ཞིག་ཡིན། ཁྱད་ཆོས་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ཨུ་ཡོན་ལྷན་ཁང་ཡིན་པ་དང་། དེའི་ཁོངས་མི་ནི་དབྱི་ཧུའེ་གྲོས་ཚོགས་ཀྱིས་བདམས་ཐོན་བྱ་དགོས། སྲིད་འཛིན་འགོ་གཙོ་ནི་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ཁང་གི་ཁོངས་མིའི་ཁྲོད་ནས་འདེམས་བསྐོ་བྱ་དགོས་པ་དང་། ཨུ་ཡོན་ལྷན་ཁང་གིས་མཉམ་གྲོས་ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་ཐུན་མོང་ཐོག་འགན་དབང་སྤྱོད་དགོས། དེ་དང་ཙུང་ཐུང་ལམ་ལུགས་བར་གྱི་ཁྱད་པར་ནི་ཨུ་ཡོན་ལྷན་ཁང་གི་ཙུང་ཐུང་ནི་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རེས་མོས་ཀྱིས་འགན་འཁུར་དགོས། དེ་དང་གྲོས་ཚོགས་ལམ་ལུགས་སྤྱི་མཐུན་རྒྱལ་ཁབ་བར་གྱི་ཁྱད་པར་ནི་གྲོས་ཁང་འོག་མས་ཨུ་ཡོན་ལྷན་ཁང་ལ་ཡིད་ཆེས་མི་བྱེད་པའི་གྲོས་གཞི་འདོན་པའི་དབང་ཆ་མེད་ལ། ཨུ་ཡོན་ལྷན་ཁང་ལའང་གྲོས་ཁང་འོག་མ་མེད་པ་བཟོ་རྒྱུའི་དབང་ཆ་མེད། དེའི་དཔེ་མཚོན་རང་བཞིན་ནི་སུའེ་ཙེར་ཡིན། རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་སྲིད་འཛིན་ལས་ཁུངས་ནི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ཡིན་པ་དང་། དེ་ནི་རྒྱལ་ཕྲན་མཉམ་འབྲེལ་ཁང་གཉིས་ཀྱིས་གྲོས་མིའི་ཨུ་ཡོན7བདམས་ནས་གྲུབ། སྐབས་རེའི་འགན་འཛིན་ཡུན་ཚད་ལོ4ཡིན་པ་དང་། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་ཨུ་ཡོན7གྱི་ནང་ནས་འདེམས་དགོས་པ་དང་འགན་འཛིན་ཡུན་ཚད་ལོ1ཡིན། འགན་འཛིན་ཡུན་ཚད་ལོན་རྗེས་ཀྲུའུ་ཞི་གཞོན་པ་ཀྲུའུ་ཞིར་བསྐོས་ནས། ཀྲུའུ་ཞི་གཞོན་པ་གཞན་ཞིག་གསབ་འདེམས་བྱ་དགོས། རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་རྒྱལ་ཁབ་ཀྱི་གཙོ་བདག་ཡིན་ལ་སྲིད་གཞུང་གི་འགོ་གཙོ་ཡང་ཡིན་མོད། འོན་ཀྱང་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ཡིས་ཨུ་ཡོན་ལྷན་ཁང་གི་འགན་དབང་ལོགས་སུ་སྤྱད་མི་ཆོག་པ་དང་གནད་དོན་ཐག་གཅོད་བྱེད་སྐབས་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་མི་མང་ཆེ་བའི་འདོད་བློ་ལྟར་ཐག་གཅོད་བྱེད་དགོས་པ་དང་། ཐུན་མོང་གི་མིང་ཐོག་ནས་འགན་དབང་སྤྱོད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
委员会制
དགེ་མཚན།
མི་མང་པོའི་བསམ་ཚུལ་བསྡུ་ལེན་བྱས་ནས་གནད་དོན་ལ་བསམ་བློ་ཆ་ཚང་གཏོང་ཐུབ་པ།
ཕྱི་ཡིག་གི་མིང་།
Commission System
མི་འདང་ས།
གཅིག་སྡུད་ཀྱི་གཙོ་འཛིན་ཞིག་མེད་པས། སྲིད་འཛིན་འགོ་ཁྲིད་ཀྱི་འགན་དབང་གསལ་པོ་མེད་པ།
1 ​གཞུང་དངོས།

ཨུ་ཡོན་ལྷན་ཁང་གི་སྲིད་དབང་སྒྲིག་གཞིའི་འོག་གི་ཨུ་ཡོན་ལྷན་ཁང་ནི་ཐུན་མོང་གིས་འགོ་ཁྲིད་བྱེད་པའི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་ཆེས་མཐོའི་སྲིད་འཛིན་དབང་ཆ་སྤྱོད་པ་དང་། ཨུ་ཡོན་རྣམས་ཀྱི་འགན་དབང་གཅིག་འདྲ་ཡིན་ལ། དོན་དག་ཐག་གཅོད་སྐབས་ཐུན་མོང་ཐོག་གྲོས་བྱེད་པ་དང་། གྲོས་ཆོད་ནི་འདེམས་ཤོག་འཕངས་པར་བརྟེན་ནས་ཐག་གཅོད་དགོས་ལ། ཐུན་མོང་ཐོག་འགན་འཁྲི་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཡོད།  

མཉམ་གྲོས་ལམ་ལུགས་ལག་བསྟར་བྱས་པའི་ཨུ་ཡོན་ལྷན་ཁང་དེ་རྒྱལ་ཁབ་ཀྱི་ཆེས་མཐོ་བའི་ལས་འཛིན་ལས་ཁུངས་ཀྱི་སྲིད་དབང་སྒྲིག་གཞིའི་རྣམ་པ་ཡིན། ཨུ་ཡོན་ལྷན་ཁང་གི་ལམ་ལུགས་འོག་ཏུ། ཁྲིམས་འཛུགས་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་གཉིས་ནི་གྲོས་མོལ་དང་ལག་བསྟར་གཅིག་གྱུར་གྱི་འབྲེལ་བ་ཡིན་ལ། ལམ་ལུགས་འདི་ནི་གནའ་བོའི་ཀེ་རི་སེའི་དམག་དཔོན་ཆེན་མོ་བཅུ་དང་གནའ་བོའི་རོ་མའི“གཙོ་གསུམ་ཆབ་སྲིད”ལས་བྱུང་བ་རེད། ཉེ་རབས་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེའི་དུས་འགོར་དཔེར་ན་ཧྥ་རན་སིའི་སྤྱི་ལོ1793ལོའི་སྤྱི་བདེ་ཨུ་ཡོན་ལྷན་ཁང་གིས་ཀྱང་ལམ་ལུགས་དེ་ལག་བསྟར་བྱས་པ་རེད།

སྤྱི་ལོ1848ལོར་སུའེ་ཙེར་གྱིས་རྒྱལ་ཕྲན་མཉམ་འབྲེལ་གྱི་རྩ་ཁྲིམས་བཟོས་ཏེ། ཨུ་ཡོན་ལྷན་ཁང་གི་ལམ་ལུགས་དེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་རྣམ་པར་གཏན་ཁེལ་བྱས་ཤིང་། ད་ལྟའི་བར་དུ་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ཡུན་རིང་ལ་ལག་བསྟར་བྱེད་པའི་རྒྱལ་ཁབ་གཅིག་པུ་རུ་གྱུར། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ནི་སུའེ་ཙེར་གྱི་ཆེས་མཐོའི་སྲིད་འཛིན་སྒྲིག་གཞི་ཞིག་ཡིན་པ་དང་། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཁང་གཉིས(རྒྱལ་དམངས་སྤྱི་ཁྱབ་ཁང་དང་རྒྱལ་ཕྲན་མཉམ་འབྲེལ་ཁང)ཀྱི་མཉམ་འབྲེལ་ཚོགས་འདུའི་ཐོག་ཨུ་ཡོན7བདམས་ནས་གྲུབ་པ་དང་དེའི་ཁྲོད་ནས་ཀྲུའུ་ཞི་རྒན་གཞོན1རེ་བདམས་པ་རེད། ཀྲུའུ་ཞིའི་འགན་འཁུར་ཡུན་ལོ་གཅིག་ཡིན་པ་དང་། འགན་ཡུན་ལོན་རྗེས་ཀྲུའུ་ཞི་གཞོན་པས་ཀྲུའུ་ཞིའི་འགན་བཞེས་དགོས་པ་དང་ཀྲུའུ་ཞི་གཞོན་པ་གསར་བ་ཞིག་ལོགས་སུ་འདེམས་བསྐོ་བྱ་དགོས། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་ཚང་མ་ཕྱི་ལོར་བསྐྱར་འདེམས་བསྐྱར་བསྐོས་བྱས་མི་ཆོག ཀྲུའུ་ཞི་དང་ཨུ་ཡོན་སོ་སོའི་བར་གྱི་གོ་གནས་འདྲ་མཉམ་ཡིན་པ་དང་། ནང་ཁུལ་དུ་ཚོགས་འདུ་གཙོ་སྐྱོང་བྱེད་པའི་འགན་འཁུར་དགོས། ཕྱི་ཕྱོགས་སུ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་རྒྱལ་ཁབ་ཀྱི་གཙོ་བདག་གི་གུས་སྲོལ་རང་བཞིན་གྱི་འགན་འཁྲི་སྣ་ཚོགས་ལག་བསྟར་བྱེད་དགོས། འགན་དབང་ལ་ཚད་ཡོད་པས། དམིགས་བསལ་གྱི་དབང་ཆ་གང་ཡང་མེད། ཨུ་ཡོན་གྱི་འགན་ཁུར་ཡུན་ཚད་ལོ4ཡིན་ཞིང་། སོ་སོར་པུའུ་ཁག་གི་སྲིད་འཛིན་འགོ་འཛིན་གྱི་འགན་ཁུར་ནས་གཙོ་སྐྱོང་པུའུ་ཡི་སྲིད་འཛིན་ལས་དོན་སྒྲུབ་དགོས་མོད། འོན་ཀྱང་སྲིད་དོན་ཐམས་ཅད་ཐུན་མོང་གིས་གྲོས་ཐག་བཅད་དེ་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་ལག་བསྟར་བྱ་དགོས།

ཨུ་ཡོན་ལྷན་ཁང་ནི་དབྱི་ཧུའེ་གྲོས་ཚོགས་ཀྱིས་མངགས་བཅོལ་བྱས་པའི་ལག་བསྟར་ལས་ཁུངས་ཡིན་པས། དབྱི་ཧུའེ་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་བཅའ་ཁྲིམས་མཐའ་དག་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ལས། བསྐྱར་གྲོས་དང་ཕྱིར་སློག་བྱས་མི་ཆོག་ལ། དབྱི་ཧུའེ་གྲོས་ཚོགས་ཕྱིར་འཐེན་བྱེད་པའི་དབང་ཆ་དེ་བས་ཀྱང་མེད། དབྱི་ཧུའེ་གྲོས་ཚོགས་ཀྱིས་ཀྱང་ཡིད་ཆེས་མེད་པའི་འདེམས་ཤོག་འཕངས་ནས་ཨུ་ཡོན་ལྷན་ཁང་རྩ་སློག་གཏོང་བའི་དབང་ཆ་མེད།

2 དགེ་མཚན།

ཨུ་ཡོན་ལྷན་ཁང་ལམ་ལུགས་ཀྱི་དགེ་མཚན་ནི་མི་མང་པོའི་བསམ་ཚུལ་བསྡུ་ལེན་བྱས་ནས་གནད་དོན་ལ་བསམ་བློ་ཆ་ཚང་གཏོང་ཐུབ་པ་དེ་ཡིན། དུས་མཚུངས་སུ། ཕྱོགས་སོ་སོའི་ཁེ་ཕན་དང་དགོས་མཁོ་དེ་ཨུ་ཡོན་ལྷན་ཁང་ལ་བཏོན་ཆོག དེ་བས་གལ་ཆེ་བ་ཞིག་ནི། དབང་ཆར་ཨུ་ཡོན་ལྷན་ཁང་གི་ནང་ཁུལ་དུ་ཚོད་འཛིན་བྱས་ནས་དོ་མཉམ་ཡོང་བ་བྱས་ཏེ། མི་སྒེར་གྱིས་སྲིད་དབང་སྒེར་འཛིན་བྱེད་པ་སོགས་ཀྱི་སྣང་ཚུལ་སྔོན་འགོག་བྱེད་ཐུབ།

1. ཐུན་མོང་གི་འགོ་ཁྲིད་ལག་བསྟར་བྱས་ཏེ་མི་མང་པོའི་བསམ་ཚུལ་བསྡུ་ལེན་བྱས་ནས་གནད་དོན་ལ་བསམ་བློ་ཆ་ཚང་གཏོང་ཐུབ་པ་དང་། ནོར་འཛོལ་ཉུང་དུ་གཏོང་བ། དབང་ཆ་གཅིག་ཏུ་བསྡུས་དྲགས་པའི་གནས་ཚུལ་མི་ཡོང་བ་བཅས་བྱེད་ཐུབ།

2. ཨུ་ཡོན་ལྷན་ཁང་ནི་རང་ཚུགས་ཀྱིས་ཇུས་ཐག་གཅོད་པའི་ལས་ཁུངས་ཡིན་ཞིང་། ཇུས་ཐག་བཅད་རྗེས་ལས་ཁུངས་གཞན་དག་གིས་ལེགས་འགྲུབ་བྱས་ཏེ་ཇུས་ཐག་གཅོད་པ་དང་ལག་བསྟར་ལོགས་སུ་འབྱེད་པ་མངོན་འགྱུར་བྱ་དགོས།

3. ཨུ་ཡོན་ལྷན་ཁང་གི་ཁོངས་མི་ནི་སྤྱིར་བཏང་དུ་ཕྱོགས་སོ་སོའི་འཐུས་ཚབ་ཀྱིས་གྲུབ་པ་ཡིན། དེ་བས་ཨུ་ཡོན་ལྷན་ཁང་གིས་ཇུས་ཐག་བཅད་པ་དེས་ཁེ་ཕན་ཚོགས་པ་སོ་སོའི་ཁེ་ཕན་རྒྱ་ཁྱབ་ཏུ་མཚོན་ཐུབ།

4. ཐབས་ཇུས་ཆེད་ལས་ཅན་དུ་བསྒྱུར་དགོས། ཨུ་ཡོན་ལྷན་ཁང་གི་ཁོངས་མི་མང་ཆེ་བ་ནི་ཁྱབ་ཁོངས་འདིའི་ཆེད་ལས་མི་སྣ་ཡིན་པས། ཐབས་ཇུས་ཆེད་ལས་ཅན་དུ་བསྒྱུར་སླ།

5. ཨུ་ཡོན་ལྷན་ཁང་གིས་སྡེ་ཁག་སོ་སོའི་བྱ་འགུལ་ལ་མཐུན་སྦྱོར་བྱེད་ཆོག་པ་དང་། སྡེ་ཁག་སོ་སོའི་དོ་དམ་པས་ཨུ་ཡོན་ལྷན་ཁང་གི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། སྡེ་ཁག་གཞན་པའི་གནས་ཚུལ་རྒྱུས་ལོན་བྱེད་པ། སྡེ་ཁག་རང་གི་བྱ་འགུལ་དང་སྡེ་ཁག་གཞན་པའི་བྱ་འགུལ་ཟུང་འབྲེལ་བྱེད་པ་བཅས་ཡིན།

6. འོག་རིམ་དོ་དམ་ཁྲོད་ཞུགས་ནས་འོག་རིམ་དོ་དམ་པ་དང་རྩ་འཛུགས་ཀྱི་ཁོངས་མི་ཇུས་ཐག་གཅོད་པའི་བརྒྱུད་རིམ་ནང་ཞུགས་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན་འོག་རིམ་མི་སྣའི་ཧུར་སེམས་ལ་སྐུལ་སློང་བྱེད་ཐུབ་པའི་སྐུལ་ལྕག་གི་རྒྱུ་རྐྱེན་ཞིག་ཏུ་བརྩིས་ཆོག

7. འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་དགོས།

8. དོ་དམ་པ་འཚར་ལོངས་འབྱུང་བར་ཕན་པ་ཡོད།

3 མི་འདང་ས།

འོན་ཀྱང་ཕྱོགས་གཞན་ཞིག་ནས་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ལ་གཅིག་སྡུད་ཀྱི་གཙོ་འཛིན་ཞིག་མེད་པས། སྲིད་འཛིན་འགོ་ཁྲིད་ཀྱི་འགན་དབང་གསལ་པོ་མེད་པ་དང་། ཐ་ན་ཨུ་ཡོན་བར་ཕན་ཚུན་རང་འགན་གཞན་དཀྲི་བྱེད་པའི་གནས་ཚུལ་ཐོན་སྲིད་པས། ཨུ་ཡོན་ལྷན་ཁང་དེ་ཇུས་ཐག་གཅོད་པ་དང་བྱ་སྤྱོད་སྤེལ་བའི་ཐད་ཇེ་དལ་དུ་སོང་ནས་སྲིད་འཛིན་གྱི་ལས་ཆོད་མི་འཚམ་པར་འགྱུར་སྲིད།

1. ཨུ་ཡོན་ཡོངས་རྫོགས་ཀྱི་གཅིག་མཐུན་གྱི་བསྡོམས་ཚིག་འཐོབ་པར་བྱེད་ཆེད། འོས་མེད་འགྲིག་ཐབས་དང་བར་འདུམ་བྱེད་པའི་གནས་ཚུལ་འབྱུང་སླ།

2. ཨུ་ཡོན་ལྷན་ཁང་ནི་ཐུན་མོང་གིས་འགན་ཁུར་ཡོད་ནའང་། དེ་ལྟར་བྱས་ན་དོན་དངོས་ཐོག་ཐུན་མོང་གི་བྱ་སྤྱོད་ལ་འགན་འཁུར་མཁན་གཅིག་ཀྱང་མེད་པ་དང་། ཚང་མས་འགན་འཁུར་གྱི་ཡོད་ཅེས་པ་དེས་དོན་དངོས་ཐོག་ཚང་མས་འགན་ཁུར་མེད་པ་མཚོན།

3. ཨུ་ཡོན་ལྷན་ཁང་ཁྲོད་རྟག་ཏུ་ཤུགས་རྐྱེན་ཆེ་བའི་མི་ཉུང་ཤས་ཀྱིས་ཁ་ལོ་སྒྱུར་བའི་གོ་གནས་བཟུང་ཡོད་པ་དང་། ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ནང་ཐུན་མོང་གིས་ཇུས་ཐག་བཅད་པ་མཚོན་མི་ཐུབ།

4. གྲོན་དངུལ་གྱི་དུས་ཚོད་དང་མ་གནས་མཐོ་བ།

ཨུ་ཡོན་ལྷན་ཁང་གི་ལམ་ལུགས་དེ་ཕྱོགས་མང་པོའི་ཁེ་ཕན་གྱི་ཚབ་བྱས་ནས་ཐུན་མོང་གིས་ཇུས་ཐག་གཅོད་པའི་རྩ་འཛུགས་ལག་བསྟར་བྱེད་དགོས།

4 ཁྱད་ཆོས།

ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ།

ཨུ་ཡོན་ལྷན་ཁང་གི་ལམ་ལུགས་དང་ནང་བློན་ལམ་ལུགས། ཙུང་ཐུང་ལམ་ལུགས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་འདུས་ཡོད་ལ། དེའི་ཁྱད་ཆོས་གཙོ་བོ་ནི།

1. ཨུ་ཡོན་ལྷན་ཁང་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་ཆེས་མཐོའི་སྲིད་འཛིན་དབང་ཆ་ནི་ཨུ་ཡོན་ལྷན་ཁང་ཞིག་གིས་ལག་བསྟར་བྱེད་དགོས། ཨུ་ཡོན་ལྷན་ཁང་ནི་གྲངས་འབོར་ངེས་ཅན་ཡོད་པའི་ཨུ་ཡོན་གྱིས་གྲུབ་པ་དང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་རེས་མོས་ཀྱིས་འཁུར་དགོས། མིང་ཐོག་ནས་རྒྱལ་ཁབ་ཀྱི་གཙོ་བདག་དང་ཆེས་མཐོ་བའི་སྲིད་འཛིན་དཔོན་ཡིན་པ་ལས། དམིགས་བསལ་གྱི་འགན་དབང་གང་ཡང་མེད།

2. ཨུ་ཡོན་ལྷན་ཁང་དེ་ངོ་བོའི་ཐོག་ནས་བཤད་ན་ཚབ་གྲོས་ལམ་ལུགས་ཀྱི་དམངས་གཙོའི་སྲིད་དབང་འཛུགས་ལུགས་ཤིག་ཡིན་ཞིང་། དེར་མི་དམངས་ཀྱིས་ཐད་ཀར་དམངས་གཙོ་སྤེལ་བའི་ཁྱད་ཆོས་ཡོད། ཨུ་ཡོན་ལྷན་ཁང་དེ་ཆེས་མཐོའི་སྲིད་འཛིན་དབང་ཆའི་ལས་ཁུངས་ཤིག་ཡིན་པའི་ཆ་ནས་ཨུ་ཡོན་སོ་སོའི་དབང་ཆ་འདྲ་མཉམ་ཡིན་ལ། དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་མིའི་འགན་གཅིག་ལྕོགས་སུ་ཁུར་མི་ཆོག ཨུ་ཡོན་རང་ཉིད་ཀྱིས་ལས་ཁུར་དགོངས་ཞུ་བྱས་ན་མ་གཏོགས་ལས་ཁུངས་གང་ཞིག་ལའང་དེའི་གོ་གནས་འཐེན་རྒྱུའི་དབང་ཆ་མེད།

3. མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཕྲན་མཉམ་འབྲེལ་དབྱི་ཧུའེ་གྲོས་ཚོགས་ཀྱི་ལག་བསྟར་ལས་ཁུངས་ཡིན་པས་དབྱི་ཧུའེ་གྲོས་ཚོགས་ཀྱི་སྲིད་ཇུས་ལ་བརྩི་སྲུང་ཞུ་དགོས་པ་ལས་དབྱི་ཧུའེ་གྲོས་ཚོགས་ཕྱིར་འཐེན་བྱས་མི་ཆོག་ལ། དབྱི་ཧུའེ་གྲོས་ཚོགས་ཀྱིས་ཀྱང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས་མི་ཆོག

4. ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་འགན་འཁུར་བ་དེ་སྲིད་ཏང་གིས་འོས་སྦྱོར་བྱེད་དགོས། འོན་ཀྱང་རང་ཉིད་སྲིད་ཏང་གི་གཙོ་འཛིན་ཡིན་པའི་ངེས་པ་མེད་པར་མ་ཟད། འདེམས་ཐོན་བྱུང་མ་ཐག་ཏང་དེའི་མིང་ཐོག་ནས་འགོ་ཁྲིད་ཀྱི་ལས་ཀར་ཞུགས་ཏེ་ཨུ་ཡོན་ལྷན་ཁང་ཁོ་ནར་འགན་འཁུར་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལམ་ལུགས། སྲིད་དབང་། ཨུ་ཡོན།