ཡ་ཏེན་མཁར།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-16 16:46ལ་འགྲུབ།

ཡ་ཏེན་མཁར།

ཡ་ཏེན་མཁར།
སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པར། ཀེ་རེ་སིའི་ཕྱེད་གླིང་དང་ཡ་ཤི་ཡ་ཆུང་བའི་ནུབ་རྒྱུད་དུ་གྲོང་དང་གྲོང་རྡལ་བྱུང་ཞིང་། དེའི་ཁྲོད་དུ་ཡ་ཏེན་མཁར་ནི་ཆེས་གཙོ་ཤོས་སུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

མིང་།
ཡ་ཏེན་མཁར།
ཁོངས་གཏོགས།
གནའ་བོའི་ཀེ་རེ་སི་རྒྱལ་ཁབ།
དར་བའི་རྩེ་མོ།
པོ་ལེ་ཁི་ལེའི་དུས་སྐབས།
རིགས།
འཛམ་གླིང་ལོ་རྒྱུས།
1 ​ས་ཁམས་ཆགས་ཚུལ། 

གནའ་བོའི་ཀེ་རེ་སི་ནི་ཀེ་རེ་སི་ཕྱེད་གླིང་དང་ཨེ་ཆེན་ཧེ་གླིང་ཕྲན་ཁག གཞན་ཡང་ཡ་ཤི་ཡ་ཆུང་བའི་མཚོ་འགྲམ་བཅས་ཀྱིས་གྲུབ་པ་ཞིག་རེད། གནའ་བོའི་ཤེས་རིག་དར་ཡུལ་གཞན་དག་དང་བསྡུར་ན། རི་མང་ཞིང་དེ་ཐང་ཉུང་ལ། གླིང་ཚོམ་གང་སར་ཁྱབ་པ་ཞིག་སྟེ། དེས་མཚོ་འགྲུལ་གྱི་ལས་རིགས་དར་བ་དང་། ཡ་གླིང་ནུབ་མ་དང་། ཨེ་ཅིབ་སོགས་སོགས་དང་རིག་གནས་དཔལ་འབྱོར་གྱི་འབྲེལ་འདྲིས་བྱེད་པར་ཆ་རྐྱེན་བསྐྲུན་འདུག

2 ཤེས་རིག་གི་གྲུབ་འབྲས། 

གནའ་བོའི་ཀེ་རེ་སིའི་ཤེས་རིག་གི་གྲུབ་འབྲས་ནི་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། རྩོམ་རིག་དང་ལོ་རྒྱུས་རིག་པ་དང་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བཅས་ཕྱོགས་གང་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། གནའ་བོའི་འཛམ་གླིང་རིག་གནས་ཀྱི་མཐོ་སར་འགྲེང་འདུག

3 མཁར་གྱི་འཕེལ་རིམ། 

སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པར། ཀེ་རེ་སིའི་ཕྱེད་གླིང་དང་ཡ་ཤི་ཡ་ཆུང་བའི་ནུབ་རྒྱུད་དུ་གྲོང་དང་གྲོང་རྡལ་བྱུང་ཞིང་། དེའི་ཁྲོད་དུ་ཡ་ཏེན་མཁར་ནི་ཆེས་གཙོ་ཤོས་སུ་གྱུར་ཡོད། དེ་རྒྱ་མཚོ་དང་ཁད་ཉེ་ལ། འགྲིམ་འགྲུལ་ཤིན་ཏུ་སྟབས་བདེ་བར་མ་ཟད། ཚོང་ལས་ཧ་ཅང་དར། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར། བྲན་གཡོག་སྤྱི་མཐུན་རྒྱལ་ཁབ་ཐོག་མར་བཙུགས། དེ་ནས་སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བའི་སྨད་དུ། པོ་ལེ་ཁི་ལེ་བྱ་བས་རྒྱལ་སྲིད་བསྐྱངས་པའི་སྐབས་སུ། ཡ་ཏེན་ནི་སྲིད་འབྱོར་རིག་གསུམ་གྱི་དར་བའི་རྩེ་མོར་བསླེབས། ཁོང་གིས་སྤྱི་དམངས་ཀྱི་ཁེ་དབང་གཙིག་ཆེན་མཛད་པས། སྤྱི་དམངས་མང་པོ་ཞིག་གིས་གཞུང་ཞབས་པའི་འགན་བཞེས་པ་དང་། དར་མ་ཕལ་ཆེར་ནང་སྲིད་དང་ཕྱི་འབྲེལ། ཞི་བདེ། དམག་འཁྲུག་སོགས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཆེན་མོར་ཞུགས་ཆོག་པར་མ་ཟད། སྲིད་འཛིན་དང་ཁྲིམས་འཛིན་ལས་ཁུངས་དག་ཏུའང་འགན་ནུས་གལ་ཆེན་འདོན་བཞིན་མཆིས།

4 དར་བའི་རྒྱུ་རྐྱེན། 

པོ་ལེ་ཁི་ལེ་ཡིས་རིག་གཞུང་ཞིབ་འཇུག་དང་རིག་རྩལ་གོང་སྤེལ། སློབ་གསོ་ཁྱད་གདལ་བཅས་ཀྱི་བྱ་བར་མཐོང་ཆེན་བླ་ལྷག་མཛད་ཅིང་། གཞོན་ནུ་དག་རོལ་མོ་དཀྲོལ་བ་དང་རྒྱུག་རྩལ་འགྲན་པ། སྟོབས་ཤུགས་འགྱེད་པར་བསྐུལ་བར་མ་ཟད། སྙན་ངག་དང་རིག་གནམ་རིག ལོ་རྒྱུས། ས་རྒྱུས་བཅས་པར་སྦྱངས་པ་མཐིལ་ཕྱིན་དུ་མཛད་པར་གནང་སྟེ། མ་འོངས་པར་སྤྱི་དམངས་ཚད་ལྡན་ཞིག་ཏུ་འགྱུར་བར་སྟ་གོན་གང་ལེགས་བགྱིས། གཞོན་ནུ་མ་དག་ཀྱང་ཁྱིམ་ལས་གཉེར་བ་ལས་གཞན། རང་ཁྱིམ་དུ་ཡི་གེ་འབྲི་ཀློག་དང་རོལ་མོའི་ཤེས་བྱ་སྦྱངས་པར་བཀྲིས་སོ།།