ཁྲིན་ཁྲོང་།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-08 11:24ལ་འགྲུབ།

ཁྲིན་ཁྲོང་།

ཁྲིན་ཁྲོང་།
ཁྲིན་ཁྲོང(སྤྱི་ལོ1974ལོའི་ཟླ12པའི་ཚེས19ཉིན)ནི་ཀྲུང་གོ་ཅིང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་ནས་སྐྱེས་པའི་ཀྲུང་གོའི་སྐྱེས་པ་འཁྲབ་སྟོན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陈创
སྐྱེས་ལོ།
སྤྱི་ལོ1974ལོ།
མི་རིགས།
རྒྱ་རིགས།
ཕ་ཡུལ།
ཀྲང་ཧྲུའུ་གྲོང་ཁྱེར།
རྒྱལ་ཁོངས།
ཀྲུང་གོ
ལས་རིགས།
འཁྲབ་སྟོན་པ།
1 ངོ་སྤྲོད།

ཁྲིན་ཁྲོང(སྤྱི་ལོ1974ལོའི་ཟླ12པའི་ཚེས19ཉིན)ནི་.jpgཀྲུང་གོ་ཅིང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་ནས་སྐྱེས་པའི་ཀྲུང་གོའི་སྐྱེས་པ་འཁྲབ་སྟོན་པ་ཞིག་ཡིན་ལ།  ཁོ་རང་ཆུང་དུས་ནས་བཟུང་འཁྲབ་སྟོན་སྒྱུ་རྩལ་གྱི་ཁྱད་ཆོས་ལྷན་སྐྱེས་སུ་མངའ་བ་ཞིག་ཀྱང་ཡིན་པ་དང་།  པེ་ཅིང་གློག་བརྙན་སློབ་གླིང་གི་མཐར་ཕྱིན་སློབ་མ་ཡིན།  སྤྱི་ལོ2000ལོ་ནས་འཁྲབ་སྟོན་པ་དཀྱུས་མའི་ལས་མང་པོ་གཉེར།  

2 སྒྱུ་རྩལ་གྱི་འཚོ་བ།

སྤྱི་ལོ1974ལོའི་ཟླ12པའི་ཚེས19ཉིན་ཀྲུང་གོ་ཅིང་ཤིས་ཞིང་ཆེན་ཀྲང་ཧྲུའུ་གྲོང་ཁྱེར་ནས་སྐྱེས།

སྤྱི་ལོ2001ལོར《1925ལོར་མའོ་ཙེ་ཏུང་འཚོ་ཞིང་བཞེས》ཞེས་པ་རུ་མི་སྣ་ལུང་ཧྲུའུ་ཁན་འཁྲབ་སྟོན་བྱས།

སྤྱི་ལོ2003ལོར་གློག་བརྙན《མོ་གསར》ནང་དུ་མི་སྣ་ལིན་ཧྲན་འཁྲབ་སྟོན་བྱས།

སྤྱི་ལོ2005ལོར་མུ་འབྲེལ་བརྙན་འཕྲིན་ཟློས་.jpgགར《རིན་ཆེན་པདྨའི་སྒྲོན་མེ》ནང་དུ་ལྷའི་སྒོ་ཁྱི་འཁྲབ་སྟོན་བྱས།  ལོ་དེའི་ཟླ5བར་ལེའུ98ཅན་གྱི་མུ་འབྲེལ་རིང་མོ《ཁང་བདག་ཆུང་བ》ལས་མི་སྣ་ལུའོ་ཡོ་ཡུས་འཁྲབ་སྟོན་བྱས་ཤིང་།   ཟླ6པར་སྐུ་ཞབས་དབྱི་ཧྭ་ཡི་བརྩམས་སྒྲུང《གསོན་ཐོག》བརྙན་འཕྲིན་དུ་ཕབ་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར《ཧྥོའུ་ཀོས་ཀྱི་མི་ཚེ》ནང་གི་ཧྥོའུ་ཀོས་འཁྲབ་སྟོན་བྱས།

སྤྱི་ལོ2015ལོར་མུ་འབྲེལ་བརྙན་འཕྲིན་ཟློས་གར《སྦྲང་བྱ》ཞེས་པའི་ནང་དུ་ཕིས་ལིན་ཧྥ་འཁྲབ་སྟོན་བྱས།

སྤྱི་ལོ2016ལོར་གློག་བརྙན《ཤིས་ཡ་ཐོ་ནས་འཕྲད་པ་ལས་བརྩེ་འཕྲིན》ཞེས་པ་རུ་འཁྲབ་སྟོན་བྱས་ཤིང་།  《ང་འཆལ་མོ་མིན》ཞེས་པ་རུ་ཉེན་རྟོག་པ་འཁྲབ་སྟོན་བྱས་ཡོད།

3 འཐུས་ཚབ་བརྩམས་ཆོས།

《ཀྲུང་གོ་གསར་བའི་ཆེད་དུ་མདུན་བསྐྱོད་བྱེད》

《ཧྥོའུ་ཀོས་ཀྱི་མི་ཚེ》

《སྐྱེས་མ་དེ་ཚོ》

《ང་འཆལ་མོ་མིན》

《མོ་གསར》

《1925ལོར་མའོ་ཙེ་ཏུང་འཚོ་ཞིང་བཞེས》

《རིན་ཆེན་པདྨའི་སྒྲོན་མེ》.jpg

《སྦྲང་བྱ》

《ཁྱོད་ཀྱི་འཚོ་བ་ང་ལས་བཟང་བར་སྨོན》

《ཤིས་ཡ་ཐོ་ནས་འཕྲད་པ་ལས་བརྩེ་འཕྲིན》

《ཀྲུའུ་ཨུན་ལའེ་ཡི་ཉིན་མཚན་བཞི》



དཔྱད་གཞིའི་ཡིག་ཆ།