PowerPoint2007སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-12-24 11:41ལ་འགྲུབ།

PowerPoint2007

PowerPoint2007
PowerPointནི་སྟོན་འགྲེམས་ཟིན་བྲིས་བཟོ་བྱེད་ཀྱི་མཉེན་ཆས་ཡིན་ལ། དེ་ནིMicrosoft Officeམཉེན་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། PowerPointབེད་སྤྱད་ནས་ཡི་གེ་དང་། རིས་དབྱིབས། སྐད། བརྙན་ཟློས་བཅས་ཚུད་པའི་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ། དེ་སྔོན་མའི་པར་གཞི་ལས་ཕུན་སུམ་ཚོགས་པའི་བྱེད་ནུས་བརྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག་འཆར་ངོས་གསར་པ་དང་། སྟབས་བདེ་བའི་བཀོལ་སྤྱོད་དཔེ་རྣམ་གྱིས་སྤྱོད་པ་པོར་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཕྱོགས་སྟོན་ལེགས་པོ་བྱེད་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
幻灯片
ཕྱི་ཡིག་བསྡུས་མིང་།
PPT
1 PowerPoint2007ངོ་སྤྲོད། 

PowerPointབེད་སྤྱད་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་དགོས་ན། སྔོན་ལ་དེ་ཡི་བཀོལ་སྤྱོད་ཁྱད་ཆོས་ཤེས་དགོས། Microsoftཀུང་སིས་གསར་དུ་བཏོན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་བའི་མཉེན་ཆསPowerPoint2007དེ་བེད་སྤྱད་པ་སྟབས་བདེ་ཡོང་ཆེད་འཆར་ངོས་གསར་པ་དང་བྱེད་ནུས་གསར་པ་མང་པོ་ཁ་སྣོན་བྱས་ཡོད།  

2 PowerPointཡི་ཁྱད་ཆོས།

PowerPointདེOfficeཉེར་སྤྱོད་བྱ་རིམ་གཞན་དང་འདྲ་བར་བེད་སྤྱོད་སྟབས་བདེ་བ་དང་།  འཆར་ངོས་ལེགས་པོ་ཡོད་ལ།  མདོར་བསྡུས་ན་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཏེ།

1བེད་སྤྱོད་སྟབས་བདེ་བ།

2རོགས་རམ་རྒྱུད་ཁོངས་ཆ་ཚང་བ།

3མི་གཞན་དང་མཉམ་ལས་བྱེད་བདེ་བ།

4སྨྱན་མང་གཟུགས་སྟོན་འགྲེམས་བྱེད་ཐུབ་པ།

5འགྲེམས་སྤེལ་བྱེད་བདེ་བ།

6རྣམ་གཞག་སྣ་ཚོགས་ཀྱི་རིས་དབྱིབས་ལ་རྒྱབ་སྐྱོར་ཡོད་པ།

7ཕྱིར་འདོན་བྱ་ཚུལ་མང་བ།

3 PowerPoint2007ཡི་གསར་བསྣན་བྱེད་ནུས།

PowerPoint2007གྱིས་པར་གཞི་རྙིང་བའི་ཕུལ་བྱུང་གི་ཁྱད་ཆོས་བརྒྱད་འཛིན་བྱས་པ་དང་ཆབས་ཅིག   སྟབས་བདེ་ཡོང་ཆེད་ལས་ཀའི་ཁོར་ཡུག་དང་ལག་ཆའི་མཐེབ་གནོན་སོགས་ལ་ལེགས་སྒྲིག་གང་མང་བྱས་ཡོད།  PowerPoint2007ལ་གསར་སྣོན་བྱས་པའི་བྱེད་ནུས་གཙོ་བོ་ནི་གཤམ་གསལ་ལྟར།  

3_1 མཇུག་འབྲས་ལ་ཕྱོགས་པའི་བྱེད་ནུས། 

PowerPoint2007ཡི་འདེམས་ཚན་དེ་བྱང་བུ་ལ་བསྒྱུར་ཡོད་པ་མ་ཟད།  བྱང་བུ་རེ་རེའི་ནང་དུ་བྱེད་ནུས་ཚོ་མི་འདྲ་བ་སྒྲིག་ཡོད།  དཔེར་ན།    གཤམ་གསལ་གྱི་དཔེ་རིས་ལྟར།  བྱང་བུ“མགོ་འཛུགས”སུ“དྲས་སྦྱར་པར”དང་། “ཡིག་གཟུགས”“དུམ་ཚན”སོགས་ཚུད་ཡོད། 

.png

3_2 དགོས་མཁོ་ཆེ་ལ་མཛེས་པའི་བརྗོད་གཞི་དང་མགྱོགས་མྱུར་བཟོ་ལྟ། 

PowerPoint2007ཡིས་ཆེས་གསར་པའི་བརྗོད་གཞི་དང་།   པར་རྣམ།  མགྱོགས་མྱུར་བཟོ་ལྟ་བཅས་མཁོ་སྤྲོད་བྱས་ཡོད་པས། ཁྱེད་ཀྱིས་སྟོན་འགྲེམས་ཟིན་བྲིས་ལ་རྣམ་གཞག་སྒྲིག་འགོད་བྱེད་པར་གདམ་བྱ་ཧ་ཅང་མང་པོ་ཡོད། PowerPoint2007ཡི་བརྗོད་གཞིའི་ནང་དུ་སྟོན་འགྲེམས་ཟིན་བྲིས་བཟི་བའི་བརྒྱུད་རིམ་སྟབས་བདེ་བར་བཏང་ཡོད་པས།  སྤྱོད་པ་པོས་རང་ལ་མཁ་བའི་བརྗོད་གཞི་ཁོ་ན་བདམས་ནས་སྟོན་འགྲེམས་ཟིན་བྲིས་ཀྱི་རྒྱབ་ལྗོངས་དང་།  ཡི་གེ  རིས་དབྱིབས།  དཔེ་རིས།  རེའུ་མིག་བཅས་ཀྱི་རྣམ་གཞག་རང་འགུལ་ངང་སྒྲིག་འགོད་བྱེད་པ་ཡིན།   གཤམ་གྱི་དཔེ་རིས་ནི་བརྗོད་གཞི་དང་མགྱོགས་མྱུར་བཟོ་ལྟ་བཀོལ་སྤྱོད་བྱས་པའི་སྒྲོན་བརྙན་གྱི་མཐོང་འབྲས་ཡིན།    


.png

3_3 དྲག་སྐྱེད་ཀྱི་པར་རིས་བྱེད་ནུས། 

PowerPointཡིས་ཆུ་ཚད་ངེས་ཅན་ལྡན་པའི་གཞི་གྲངས་པར་རིས་བཟོ་བར་རིགས་སྣ་ཚོགས་ཀྱི་པར་རིས་བར་འཇུག་བྱེད་ཐུབ།  པར་རིས་ཀྱི་མཐོང་འབྲས་མཚོན་ཚུལ་ཡང་དེ་བས་བལྟ་བདེ་བ་ཡོད།  གཤམ་གྱི་དཔེ་རིས་ནི PowerPoint2007ཀྱིས་མཁོ་སྤྲོད་བྱས་པའི་གླེང་སྒྲོམ་པར་རིས་བར་འཇུགདང་སྒྲོན་བརྙན་ནང་གི་པར་རིས་གྱི་མཐོང་འབྲས་དེ་མཚོན་པ་ཡིན།  

4 ཆེད་ལས་ཀྱིSmartArtརིས་དབྱིབས།

SmartArtརིས་དབྱིབས་ནི་ལས་རིམ་སྟོན་འགྲེམས་དང་།    བང་རིམ་སྒྲིག་གཞི།     རེས་འཁོར།    འབྲེལ་བ་སོགས་མཚོན་པ་ལ་སྤྱོད་པ་ཡིན།     PowerPoint  2007གྱིས་མཁོ་སྤྲོད་བྱསJཔའིSmartArtརིས་དབྱིབས་ཀྱི་བཟོ་ལྟ་ཕུན་སུམ་ཚོགས་པ་མ་ཟད།   རང་བཟོས་ཚོས་སྡེབ་ཇུས་གཞི་དང་།  རྩ་གསུམ་བཟོ་ལྟའི་སྒྲིག་འགོད་སོགས་ལ་ཡང་རྒྱབ་སྐྱོར་བྱེད་ཀྱིན་ཡོད།    གཤམ་གསལ་གྱི་དཔེ་རིས་ལྟར། 

.png


4_1 སྟབས་བདེ་བའི་མཉམ་སྤྱོད་རྣམ་པ།

PowerPointཔར་གཞི་རྙིང་པའི་ནང་དུ་སྒྲོན་བརྙན་གྱི་དཔེ་པང་མི་འདྲ་བའི་རྐྱེན་གྱིས་བཟོས་ཚར་བའི་སྟོན་འགྲེམས་ཟིན་བྲིས་དེ་མི་གཞན་དང་མཉམ་སྤྱོད་བྱེད་དཀའ་བ་མ་ཟད།   སྟོན་འགྲེམས་ཟིན་བྲིས་ཀྱི་འཛིན་སྤྱོད་བར་སྟོང་ཆེ་བས་གློག་རྡུལ་སྦྲག་བསྐུར་སོགས་བསྐུར་དཀའ་བ་ཡིན།  PowerPoint2007གྱིས་མཁོ་སྤྲོད་བྱས་པའི་ཡིག་ཆའི་རྣམ་གཞག་གིས་ཡིག་ཆའི་འཛིན་སྤྱོད་བར་སྟོང་ཆུང་ངུར་བཏང་བས་ཡིག་ཆ་མཉམ་སྤྱོད་བྱེད་བར་སྟབས་བདེ་བསྐྲུན་ཡོད།  དེ་མ་ཟད་སྤྱོད་པ་པོས་འགོ་སློང་སྟོན་འགྲེམས་ཟིན་བྲིས་དེ་ཐད་ཀརPDFརྣམ་གཞག་ལ་ཡང་ཉར་ཚགས་བྱེད་ཐུབ་པ་ཡིན།  


བརྡ་འགྲེལ་གདོང་འཛར།

མཉེམ་ཆས། PPT