ལུས་རྩལ་འགྲན་བསྡུར།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2019-12-24 08:54ལ་འགྲུབ།

ལུས་རྩལ་འགྲན་བསྡུར།

ལུས་རྩལ་འགྲན་བསྡུར།
ལུས་རྩལ་འགྲན་བསྡུར་ནི་ཤན་འབྱེད་པའི་གཙོ་སྐྱོང་འོག་གཅིག་གྱུར་གྱི་སྒྲིག་སྲོལ་བླང་བྱ་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་ལུས་རྩལ་པ་ཁེར་རྐྱང་ངམ་ལུས་རྩལ་རུ་ཁག་དབར་གྱི་རྩལ་འགྲན་འགྲན་བསྡུར་ཞིག་ཡིན་ལ། རྩལ་འགྲན་ལུས་རྩལ་དེ་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་མཚམས་སྦྱོར་ལ་ནུས་པ་ཐོན་གྱི་ཡོད། ལུས་རྩལ་འགྲན་བསྡུར་ནི་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཀྱི་འགྲན་བསྡུར་གྱི་སྤྱི་མིང་ཡིན། དེའི་གཞི་ཁྱོན་དང་ངོ་བོར་གཞིགས་ན། ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་དང་། རྣམ་གྲངས་རྐྱང་པའི་འགྲན་བསྡུར། རིམ་མཚུངས་འགྲན་བསྡུར། མཉམ་འབྲེལ་འགྲན་བསྡུར། གདན་ཞུའི་འགྲན་བསྡུར། འཕྲིན་གཏོང་འགྲན་བསྡུར། འདེམས་སྒྲུག་འགྲན་བསྡུར། འཁྲབ་སྟོན་འགྲན་བསྡུར་སོགས་སུ་དབྱེ་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体育竞赛
གོ་དོན།
ལུས་རྩལ་འགྲན་བསྡུར་སྣ་ཚོགས་ཀྱི་སྤྱི་མིང་།
1 འགྲན་བསྡུར་གྱི་སྒྲིག་སྲོལ།

ལུས་རྩལ་འགྲན་བསྡུར་ནི་ཤན་འབྱེད་པའི་གཙོ་སྐྱོང་འོག་གཅིག་གྱུར་གྱི་སྒྲིག་སྲོལ་བླང་བྱ་ལྟར་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་ལུས་རྩལ་པ་ཁེར་རྐྱང་ངམ་ལུས་རྩལ་རུ་ཁག་དབར་གྱི་རྩལ་འགྲན་འགྲན་བསྡུར་ཞིག་ཡིན་ལ། རྩལ་འགྲན་ལུས་རྩལ་དེ་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་མཚམས་སྦྱོར་ལ་ནུས་པ་ཐོན་གྱི་ཡོད།

ལུས་རྩལ་འགྲན་བསྡུར་ནི་ལུས་རྩལ་རྣམ་གྲངས་སྣ་ཚོགས་ཀྱི་འགྲན་བསྡུར་གྱི་སྤྱི་མིང་ཡིན། དེའི་གཞི་ཁྱོན་དང་ངོ་བོར་གཞིགས་ན། ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་དང་། རྣམ་གྲངས་རྐྱང་པའི་འགྲན་བསྡུར། རིམ་མཚུངས་འགྲན་བསྡུར། མཉམ་འབྲེལ་འགྲན་བསྡུར། གདན་ཞུའི་འགྲན་བསྡུར། འཕྲིན་གཏོང་འགྲན་བསྡུར། འདེམས་སྒྲུག་འགྲན་བསྡུར། འཁྲབ་སྟོན་འགྲན་བསྡུར་སོགས་སུ་དབྱེ་ཆོག

རྩལ་འགྲན་ལུས་རྩལ་ནང་ལུས་རྩལ་སྦྱོང་བརྡར་དང་ལུས་རྩལ་འགྲན་བསྡུར་གྱི་རྣམ་པ་གཉིས་ཚུད་ཡོད། ཀྲུང་གོས་ལུས་རྩལ་འགྲན་བསྡུར་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་དོ་དམ་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། སྤྱི་ལོ1958ལོར་རྒྱལ་ཁབ་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས།

2 འཕེལ་ཕྱོགས།

དུས་རབས་དང་མིའི་རིགས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཡར་ཐོན་བྱུང་བ་དང་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལུས་རྩལ་འགྲན་བསྡུར་དེ་ད་ཆའི་ཚན་རྩལ་མཐོ་བའི་མ་འཇོག་གི་འདེགས་སྐྱོར་འོག་རིམ་འགྱུར་བྱུང་བ་དང་། ཤེས་ལྡན་མི་སྣ་གདམ་གསེས་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར་ཡུན་རིང་བྱེད་པའི་འོག་དང་། འཆར་གཞི་གཟབ་ནན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་འོག་ཏུ། འགྲན་རྒོལ་གྱི་རང་བཞིན་དྲག་པོ་ལྡན་པ་མ་ཟད། ལྟད་མོའི་རང་བཞིན་མངོན་གསལ་ལྡན་པའི་འགྲན་བསྡུར་གྱི་བྱ་འགུལ་ཞིག་ཡིན།

དེང་རབས་ལུས་རྩལ་འགྲན་བསྡུར་ཁྲོད་ལུས་རྩལ་འགྲན་བསྡུར་ལ་སྔར་ལས་ཕུན་སུམ་ཚོགས་ཤིང་རྒྱ་ཆེ་བའི་ནང་དོན་བསྣན་ཡོད་པ་སྨོས་ཅི། དེས་ལུས་རྩལ་པས་སྔར་ལས་ལྷག་པའི་གྲ་སྒྲིག་དང་སྦྱོང་བརྡར་གྱི་རྨང་གཞིའི་སྟེང་དུ། འགྲན་བསྡུར་གྱི་ཆ་རྐྱེན་དེ་ངེས་པར་དུ་ཚན་རིག་གི་འདུ་ཤེས་དང་ཆེད་དོན་སྒྲིག་སྲོལ་དང་དེ་བས་འཚམ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེའི་ནང་ཞུགས་མཁན་ཕྱོགས་གཉིས་པོས་ངེས་པར་དུ་ཀུན་སྤྱོད་ཚད་ལྡན་གྱི་ཚད་གཞི་དང་དྲང་གཞག་གི་རྩ་དོན་དང་དེ་བས་འཚམ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་འབྲེལ་དེའི་དབར་སྤེལ་རེས་དང་། དྲིལ་བསྒྲགས། སྐུལ་སློང་། སློབ་གསོ། མི་དམངས་ལ་མཐུན་སྒྲིལ་བཅས་བྱས་ནས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ནུས་པ་མང་པོ་འདོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། འགྲན་བསྡུར།