སྤྱི་ལོ1159པ་ས་ཡོས་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-16 16:46ལ་འགྲུབ།

སྤྱི་ལོ1159པ་ས་ཡོས་ལོ།

སྤྱི་ལོ1159པ་ས་ཡོས་ལོ།
སྤྱི་ལོ1159པ་ས་ཡོས་ལོ། ལོ་འདིར་ཀཿཐོག་དམ་པ་བདེ་གཤེགས་ཀྱིས་ཀཿཐོག་དགོན་ཕྱག་བཏབ་པ་དང་ཀརྨ་དུས་གསུམ་མཁྱེན་པ་གདན་ས་མཚུར་ཕུར་བྱོན་པ་བཅས་བོད་ཀྱི་ལོ་རྒྱུས་སུ་དོན་ཆེན་གཉིས་བྱུང་།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1159
བོད་ཡིག་གི་མིང་།
ས་ཡོས།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 ​དོན་ཆེན་གནད་བསྡུས། 

སྤྱི་ལོ1159པ་ས་ཡོས་ལོ། ལོ་འདིར་རིག་གནས་ཐད་ཀྱི་དོན་ཆེན་གཉིས་བྱུང་བ་སྟེ། 

1.ཀཿཐོག་དམ་པ་བདེ་གཤེགས་མཚན་དངོས་ཤེས་རབ་སེང་གེ་འམ་སྤོབས་པ་མཐའ་ཡས་ཀྱིས་སྡེ་དགེ་ཀཿཐོག་དགོན་ཕྱག་བཏབ།

2.ཀརྨ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་ཀརྨ་བཀའ་བརྒྱུད་པའི་གདན་ས་ཆེན་པོ་མཚུར་ཕུར་ཕེབས།

2 ཞར་བྱུང་། 

སྤྱི་ལོ1160པ་ལྕགས་འབྲུག་ལོ།

སྒོམ་ཚུལ་གྱིས་ལུང་བསྟན་པ་ལྟར། ལྷ་ས་གཙུག་ལག་ཁང་དུ་ཞིག་གསོ་གནང་།

སྤྱི་ལོ1162པ་ཆུ་རྟ་ལོ།

དེབ་ཐེར་ཁག་ཅིག་ཏུ་ཡབ་རྗེ་ཡེ་ཕུར་གུར་བ་དུར་དང་ཡུམ་ཧུ་ལན་གྱིས་སྲས་འཇིང་གིན་རྒྱལ་པོ་སྐུ་འཁྲུངས་ཟེར།

སྤྱི་ལོ1165པ་ཤིང་བྱ་ལོ།

བྱ་འཆད་ཀ་པས་ལམ་གྲོ་འཆད་ཀའི་དགོན་པ་ཕྱག་བཏབ།

སྤྱི་ལོ1166པ་མེ་ཁྱི་ལོ།

གཏུམ་སྟོན་བློ་གྲོས་གྲགས་པ་དགུང་ལོ་བརྒྱད་ཅུར་ཕེབས་ཏེ་ལོ་འདིའི་སྐར་མ་རྒྱལ་གྱི་ཟླ་བའི་ཚེས་ཉེར་གསུམ་ཉིན་དགོངས་པ་གཞན་དོན་དུ་གཤེགས།