ཐང་ཕྲོམ་དྲུག་པ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

ཐང་ཕྲོམ་དྲུག་པ།

སྨན་འདི་ཁ་དོག་དམར་སྨུག་ཅན། རོ་ཁ་བ། ནུས་པ་རྩུབ་ལ་ཅུང་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་ཅུང་ཙམ་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གསོ་རིག
རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་ཕྱེ་གང་རུང་།
1 སྡེབ་ཁ།

གླ་རྩི10 ཆུ་རྩ50 རྐང་གཅིག30 དྭ་བའི་རྩ་བ30 ཐང་ཕྲོམ་འབྲས་བུ15 བུལ་ཏོག15 རྒྱམ་ཚྭ15བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་སྡེབ་ཅིག་ཡིན་ལ་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་དམར་སྨུག་ཅན། རོ་ཁ་བ། ནུས་པ་རྩུབ་ལ་ཅུང་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་ཅུང་ཙམ་ཡོད།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། ཁུ་བས་ཕུལ་བཏང་ཚ་གྲང་གི༎ གླང་ཐབས་མ་ལུས་སེལ་བར་བྱེད༎ ཅེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་ཕུལ་དགོས་པ་དང་ཐུ་ན་ལུས་པའི་ལག་མགོ་དྲི་ཆུས་བཀྲུ་དགོས་སོ༎

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།