ཐང་ཆེན་བཅུ་བ།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

ཐང་ཆེན་བཅུ་བ།

སྨན་འདི་ཁ་དོག་ལྗང་སེར་ཅན། རོ་ཁ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་མེད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གསོ་རིག
རིགས་དབྱེ།
སྨན་རྫས།
རྣམ་པ།
ཕྱེ་མ།(ཐང་སྨན)
1 སྡེབ་ཁ།

སླེ་ཏྲེས30 ཏིག་ཏ30 ཨ་རུ30 བ་རུ30 སྐྱུ་རུ30 ཧོང་ལེན30 བོང་དཀར20 ག་དུར20 བ་ལེ་ཀ10 དུག་ཉུང20བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཐང་གི་སྦྱོར་སྡེབ་ཅིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་ལྗང་སེར་ཅན། རོ་ཁ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། བཟི་མེད།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། ཐང་ཆེན་བཅུ་འདིས་རྙིངས་ཚད་རོལ་དུ་གསོད༎ ཅེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་བསྐོལ་བའི་ཐང་བསྟེན་དགོས།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་ཐང་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།