ཕྱོགས་ཡོངས་བཞི།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-17 10:13ལ་འགྲུབ།

ཕྱོགས་ཡོངས་བཞི།

ཕྱོགས་ཡོངས་བཞི།
“ཕྱོགས་ཡོངས་བཞི”ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་རེད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་བཏོན་པ་དེས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྤྱིའི་སྒྲོམ་གཞི་དེ་བས་ཆ་ཚང་བ་ཞིག་མངོན་པར་བྱས་པས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་འགག་རྩའི་ལྷུ་ཚིགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་རྒོལ་ཁ་ཕྱོགས་བཅས་དེ་བས་ཁ་གསལ་བ་དང་ནང་གནས་གཏན་ཚིགས་དེ་བས་ནན་པོ་ཡོད་པ་དེས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འཐབ་ཇུས་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། དེའི་ནང་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱེད་པའི་བསམ་བློའི་འོད་སྟོང་འཕྲོ་བཞིན་ཡོད་ལ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་བྱེད་ཐབས་བཅས་ཀྱང་འདུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四个全面
བཏོན་པའི་དུས་ཚོད།
2014ལོའི12པ།
ཕྱི་ཡིག་གི་མིང་།
Four  Comprehensive
བཏོན་པའི་ས་གནས།
ཅང་སུའུ།
འདོན་མཁན།
ཞི་ཅིན་ཕིང་།
མིང་གཞན།
“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག
1 ​བཏོན་པའི་རྒྱབ་ལྗོངས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཧུར་བརྩོན་རྒྱལ་སྐྱོང་དང་འགག་སྒྲོལ་དཀའ་སེལ་བྱས་པས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་རྣམ་པ་གསར་པ་བཏོད་པས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་དབུས་ནས་བརྩི་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།

སྤྱི་ལོ2014ལོའི་ཟླ11པར་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་བརྟག་ཞིབ་གནང་བར་ཕེབས་སྐབས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་རྒྱལ་སྐྱོང་གི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས”བཏོན་གནང་བའི“ཕྱོགས་ཡོངས་གསུམ”བཏོན་གནང་བ་རེད།

སྤྱི་ལོ2014ལོའི་ཟླ12པར་ཅང་སུའུ་རུ་བརྟག་ཞིབ་གནང་སྐབས“ཕྱོགས་ཡོངས་གསུམ”དེ“ཕྱོགས་ཡོངས་བཞིར”མཐོ་རུ་བཏང་ནས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ”དང“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ”གསར་དུ་བསྣན་ཡོད།

དེ་གོང་ཞི་ཅིན་ཕིང་གིས་གནས་བབ་མི་འདྲ་བར“ཕྱོགས་ཡོངས་བཞི”ཡི་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་མྱོང་ཡོད་མོད། འོན་ཀྱང་ཡོངས་བསྒྲགས་འཕྲིན་སྤེལ་ཁྲོད“ཕྱོགས་ཡོངས་བཞི”མཉམ་དུ་གླེང་རྒྱུ་ནི་ཐེངས་དང་པོ་ཡིན་པ་དང་དོན་སྙིང་ཟབ་མོ་ལྡན་པ་ཞིག་རེད།

གཞན་ཡང་། ཞི་ཅིན་ཕིང་གིས་ཅང་སུའུ་རུ“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ”དེ“ཕྱོགས་ཡོངས་བཞིའི”ཁྲོད་ཞུགས་སྐབས“གནམ་གཤིས་ཆེན་པོ་དང་གནམ་གཤིས་ཆུང་ངུའི”དཔེ་འཇོག་གནང་བ་དང་། “ཏང་ནན་པོས་སྐྱོང་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཡིན་པས་གནམ་གཤིས་ཆེན་པོ་དགོས་ལ་གནམ་གཤིས་ཆུང་ངུ་ཡང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་བསམ་གཞིག་དང་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། གནམ་གཤིས་བཟང་པོ་ཞིག་བཏོད་དེ་གནམ་གཤིས་ཆེན་པོར་སྔར་བས་སྐུལ་འདེད་གཏོང་དགོས།

དུས་ཚོད་ཀྱི་འཁོར་མདའ་ནས་བལྟས་ན། “ཕྱོགས་ཡོངས་བཞི་”ནི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ར་མི་འདྲ་བར་རིམ་གྱིས་བཏོན་པ་རེད།

སྤྱི་ལོ2012ལོའི་ཟླ11པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་པར་བྱ་དགོས་ཞེས་བཏོན་པ་དང་།

སྤྱི་ལོ2013ལོའི་ཟླ11པར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྒྱུར་བཅོས་ཁྱོན་ཡོངས་ནས་ཟབ་སྤེལ་བྱ་དགོས་ཞེས་བཏོན།  

སྤྱི་ལོ2014ལོའི་ཟླ10པར་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ།

སྤྱི་ལོ2014ལོའི་ཟླ10ཚེས8ཉིན་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་ཏང་ནན་པོས་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན།

2 གཞི་རྩའི་ནང་དོན།
2_1 ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ།

སྤྱི་ལོ2012ལོར། ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུའི་ནང་། སྤྱི་ལོ2020ལོར། སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ལེགས་འགྲུབ་བྱ་རྒྱུའི་དམིགས་འབེན་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུའི་དུས་ཚོད་རེའུ་མིག་དང་། དེ་བཞིན་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་། མི་དམངས་དམངས་གཙོ་ཟམ་མི་ཆད་པར་རྒྱ་སྐྱེད་གཏོང་བ། རིག་གནས་ཀྱི་མཉེན་པའི་སྟོབས་ཤུགས་མངོན་གསལ་ཆེ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་གལ་ཆེན་ཡོང་བ་སོགས་ཀྱི་ནང་དོན་ཞིབ་ཕྲ་བཏོན་ཡོད།

2_2 ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ།

སྤྱི་ལོ2013ལོར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། “ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་དམིགས་ཚད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ”བཏོན་པ་དང་འབྲེལ་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས། རིག་གནས་སྒྲིག་སྲོལ་སྒྱུར་བཅོས། སྤྱི་ཚོགས་སྒྲིག་སྲོལ་སྒྱུར་བཅོས། སྣོད་བཅུད་ཤེས་དཔལ་ལམ་ལུགས་སྒྱུར་བཅོས། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་བཅས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

2_3 ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད།

སྤྱི་ལོ2014ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《ཀྲུང་གུང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་ཁྲིམས་ལྟར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་བྱས་པ་རེད།

2_4 ཁྱོན་ཡོངས་ནས་ཏང་ནན་སྒོས་སྐྱོང་བ།

སྤྱི་ལོ2014ལོའི་ཟླ10པར། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ནན་པོས་སྐྱོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་བླང་བྱ་སྔར་བས་བཏོན་པ་དང་འབྲེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

3 གཏན་ཚིགས་ཀྱི་འབྲེལ་བ།

“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་ནི་ཚིག་ཉུང་དོན་དྲིལ་དང་གནད་ལ་འཕིགས་པ་ཞིག་ཡིན་ཞིང་། འཐབ་ཇུས་ཀྱི་དམིགས་འབེན་ཡོད་ལ་འཐབ་ཇུས་ཀྱི་བྱེད་ཐབས་ཀྱང་ཡོད་པ་དང་། ཁྱོན་ཡོངས་གཅིག་འདོམས་བྱེད་ལ་གཙོ་གནད་འབུར་ཐོན་ཡང་བྱེད་དོ།།  “ཕྱོགས་ཡོངས་”ཚང་མར་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་། ཕན་ཚུན་འབྲེལ་བ་དམ་ཟབ་དང་གཅིག་གྱུར་དམ་ཚགས་ཐོན་ཡོད།

“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ནི་སྟབས་བདེའི་མཉམ་གཤིབ་དང་མཉམ་གཤིབ་ཀྱི་འབྲེལ་བ་ཞིག་མ་ཡིན་པར། ཕན་ཚུན་མཐུན་སྦྱོར་གྱི་འབྲེལ་བ་དང་གཅིག་ལ་གཅིག་འབྲེལ་གྱི་སྤྱི་ཡོངས་ཤིག་ཡིན། འབྲེལ་བ་ཆེན་པོའི་ཆ་ནས་བལྟས་ན། དམིགས་འབེན་སྣེ་ཁྲིད་ཀྱི་བྱེད་ཐབས་ཤིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་དམིགས་འབེན་ཡིན་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བཅས་བྱ་རྒྱུ་ནི་མེད་དུ་མི་རུང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཆེན་པོ་གསུམ་ཡིན་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྒུལ་ཤུགས་ཀྱི་འབྱུང་ཁུངས་དང་། ཁྲིམས་སྐྱོང་གི་འགན་ལེན། ཆབ་སྲིད་ཀྱི་འགན་ལེན་བཅས་འདོན་སྤྲོད་བྱེད་དགོས། “ཕྱོགས་ཡོངས”ཀྱི་འབྲེལ་བ་བྱེ་བྲག་པ་རེ་རེའི་ཐོག་ནས་བལྟས་ནའང་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་རེད། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དེས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དགོས་མཁོའང་རེད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་དེ་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཁྲིམས་སྐྱོང་གི་འགན་སྲུང་ཡང་ཡིན་པས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་གང་ཡིན་རུང་ཚང་མ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་དང་གཞི་སྒྲོམ་འོག་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་བཅས་བྱེད་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས།

3_1 སྤྱིའི་དམིགས་འབེན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་བཏོན་ཡོད་ཅིང་། འབད་འཐབ་དམིགས་འབེན་འདི་མངོན་འགྱུར་བྱེད་དགོས་ན་གོ་སྐབས་མ་ཤོར་བར་གནད་ཆེའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་མཐའ་དག་གཙང་སེལ་བྱེད་དགོས་ཤིང་། རྒྱུད་ཁོངས་ཆ་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་མ་ལག་བཙུགས་ཏེ། ཕྱོགས་གང་ཅིའི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ངེས་གཏན་ཡོང་བར་བྱེད་དགོས།

3_2 ལྕམ་སྲིང་གི་ལེའུ།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་སྒོ་ཕྱེ་བ་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་དར་ཆ་མཐོན་པོར་སྒྲེང་བའི་བར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་དང་། བརྗོད་བྱ་གཙོ་བོ་གཉིས། ཆོད་དོན་གཉིས་བཅས་ནི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྤྱིའི་འཐབ་ཇུས་དེ་དུས་ཚོད་ཀྱི་སྲོག་ཤིང་ཐོག་གོ་རིམ་ལྡན་པའི་ངང་སྤེལ་བ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཆར་གཞི་མངོན་འགྱུར་ལ་སྐུལ་འདེད་གཏོང་བའི་ལྕམ་སྲིང་གི་ལེའུ་ཞིག་རེད།

3_3 འགོ་ཁྲིད་སྲོག་ཤིང་།

ཀྲུང་གོའི་བྱ་བ་ལེགས་པར་བསྒྲུབ་རྒྱུའི་འགག་རྩ་ནི་ཏང་ལ་ཐུག་ཡོད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་ཐོག“ཏང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ”དང་། “ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ”བཅས་ཀྱི་ཐད་ཆེད་མངགས་རྒྱས་བཤད་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའམ་ཡང་ན་ཕྱོགས་ཡོང་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་གང་ཞིག་ཡིན་རུང་ཚང་མས་ཏང་ནན་པོས་སྐྱོང་རྒྱུར་བླང་བྱ་གསར་པ་བཏོན་ཡོད་ལ། ཏང་གི་འགོ་ཁྲིད་དེ་དམིགས་ཚད་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཡང་བྱས་ཡོད།

4 ངོ་བོ་དང་དོན་སྙིང་།
4_1 ངོ་བོ།

འཐབ་ཇུས་ཀྱི་བཀོད་པ་འདིར་འཐབ་ཇུས་ཀྱི་བསམ་བློ་གཏིང་ཟབ་པོ་འདུས་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ“ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འགག་རྩའི་གོམ་པ་ཞིག”ཏུ་གཏན་འཁེལ་བྱ་རྒྱུ་དང་། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་དེ“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུར”གཏན་འཁེལ་བྱས་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྣམ་བཤད་དེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དམ་འཛིན་བྱ་གཞི་དང་། སྐུལ་འདེད་འཕྲུལ་ཆས་བཅས་སུ་བརྩི་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཐབས་ལམ་གཏན་འཁེལ་ཐེངས་དང་པོ་བྱས་ནས“ཏང་ནན་སྐྱོང་གི་མ་ལག་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་རྒྱུའི”བླང་བྱ་བཏོན་ཡོད།

“ཕྱོགས་ཡོངས”ཚང་མ་ནི་དོན་དངོས་དང་ཟུང་འབྲེལ་དང་། སྔ་འཛིན་ཕྱི་གཏོད། གསར་གཏོད་བྱེད་ཕོད་པ། ཁྱད་ཆོས་ལྡན་པ་བཅས་ཀྱི་མ་ལག་ལྡན་པའི་དགོངས་པ་ཆ་ཚང་ཞིག་རེད། “ཕྱོགས་ཡོངས་”བཞི་བསྡོམས་ན། གཅིག་རམ་གཅིག་འདེགས་དང་ཆར་པ་ཆུ་གྲོགས་ཡིན་པས། ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཐབས་ཇུས་དུས་བསྟུན་མདུན་སྐྱོད་ཀྱི་གསར་གཏོད་དང་། མར་ཁེ་སིའི་རིང་ལུགས་དང་ཀྲུང་གོའི་ལག་ལེན་ཟུང་འབྲེལ་བྱེད་པའི་མཆོང་བསྐྱོད་གསར་པ་ཞིག་རེད།

4_2 དོན་སྙིང་།

ལོ་རྒྱུས་ཀྱི་འཕེལ་རིམ་ནས་བལྟས་ན། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལག་ལེན་ཉམས་མྱོང་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་དང་ཕུན་སུམ་ཚོགས་པའི་འཕེལ་རྒྱས་བཏང་བ་ཞིག་རེད།

དེང་རབས་ཀྲུང་གོའི་དོན་དངོས་ལ་བལྟས་ན། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གིས་དུས་རབས་དང་ལག་ལེན་འཕེལ་རྒྱས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་གཅིག་བསྡུས་ཀྱིས་མཚོན་ཡོད།

བྱ་གཞག་གི་ཕུགས་ཀྱི་འཕེལ་རྒྱས་ལ་བལྟས་ཚེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་པའི་བྱ་སྤྱོད་ཀྱི་རྩ་འཛིན་གཏན་འཁེལ་བྱས་ཡོད།

5 གསར་ལམ་ཁག་གི་དཔྱད་བརྗོད།
5_1 ཞིན་ཧྭ་དྲ་བའི་དཔྱད་བརྗོད།

“ཕྱོགས་ཡོངས་བཞི”བཏོན་པ་དེས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་འགག་རྩའི་ལྷུ་ཚིགས་དང་། གཙོ་གནད་ཁྱབ་ཁོངས། གཙོ་རྒོལ་ཁ་ཕྱོགས་བཅས་སྔར་བས་ཁ་གསལ་དང་། ནང་གནས་གཏན་ཚིགས་སྔར་བས་དམ་ཚགས། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྤྱིའི་སྒྲོམ་གཞི་སྔར་བས་འཐུས་ཚང་དང་ཉིན་བཞིན་གནད་སྨིན་འཐུས་ཚང་བཅས་བྱུང་ཡོད།

5_2 མི་དམངས་དྲ་བའི་དཔྱད་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་དང་པོར་“ཕྱོགས་ཡོངས་བཞི་”བཏོན་གནང་བ་དེ་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་“འཛོམས་རྟགས་”ཁྱོན་ཡོངས་ནས་བསྒྲགས་པ་ཞིག་ཡིན་ཞིང་། མི་རྣམས་ལ་ཕྱིར་དྲན་བྱེད་དུ་འཇུག་པ་མ་ཟད། མི་རྣམས་ལ་སྤྲོ་སེམས་རབ་ཏུ་འཁོལ་བ་ཞིག་ཀྱང་རེད།

5_3 ཏ་ཀུང་ཚགས་པར་གྱི་དཔྱད་བརྗོད།

“ཕྱོགས་ཡོངས་བཞི”ནི་བསམ་བློའི་ལག་ལེན་དེ་དག་ལ་སྙིང་བསྡུས་དང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ། འབྱུང་འགྱུར་གྱི་འཐབ་ཇུས་ལ་མཛུབ་ཁྲིད་བྱེད་པ་ཞིག་ཀྱང་ཡིན་པས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཏང་ནན་པོས་སྐྱོང་བ་ཅས་ལ་ཕན་ཚུན་ནུས་པ་ཐོན་ཏེ། རིམ་གྱིས་གོང་འཕེལ་བཅས་བྱུང་ནས་ཀྲུང་གོས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རེད།