སྤོ་སྒྲོམ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-12-18 10:33ལ་འགྲུབ།

སྤོ་སྒྲོམ།

སྤོ་སྒྲོམ།
སྤོ་སྒྲོམ་ནི་སྤོ་ལོ་ཐང་གི་དགོས་ངེས་ཀྱི་སྒྲིག་ཆས་དང་། སྤོ་ལོའི་ལུས་རྩལ་གྱི་ཡོ་བྱད་ཅིག་ཡིན་ལ། དེ་ནི་གྲུག་པང་དང་གྲུག་པང་གི་ཀ་རྟེན་གྱིས་གྲུབ་ཡོད། སྤོ་ལོ་ཐང་གི་སྣེ་གཉིས་ཀྱི་དཀྱིལ་དུ་བཙུགས་ཡོད། ད་ལྟ་བཀོལ་སྤྱོད་བྱེད་པའི་སྤོ་སྒྲོམ་གྱི་རྣམ་པའི་རིགས་ལ་གཤེར་གནོན་རྣམ་པ། སྤོ་སྒུལ་རྣམ་པ། གཏན་འཇགས་རྣམ་པ། སྒྱོགས་རྣམ་སོགས་ཡོད། སྤོ་སྒྲོམ་རིགས་གང་ཞིག་བཀོལ་ནའང་། ངེས་པར་དུ་དྲག་ཚད་དང་མཁྲེགས་ཚད་འདང་ངེས་ཤིག་ཡོད་པར་ཁག་ཐེག་བྱེད་དགོས་པ་དང་། སྤོ་ལོས་ཤུགས་ཆེན་པོས་སྤོ་སྒྲོམ་ལ་བརྡབས་རྗེས་འདར་འགུལ་དང་དབྱིབས་འགྱུར་བྱུང་ནས་སྤོ་ལོའི་སླེའུ་ཡི་སྙོམས་ངོས་ཀྱི་ཚད་གཞི་དང་གནས་ས་ལ་ཤུགས་རྐྱེན་ཐེབས་མི་རུང་བ་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
篮球架
སྤྱོད་སྒོ།
སྤོ་ལོའི་ལུས་རྩལ།
ཁོངས་གཏོགས།
ལུས་རྩལ་ཡོ་བྱད།
1 འཕེལ་རྒྱས་ཀྱི་ལོ་རྒྱུས།

ཐོག་མར་སྤོ་ལོ་གསར་གཏོད་བྱེད་མཁན་ནི་ཨ་རིའི་ཀྲན་མུའུ་སི་ནའེ་ཧྲི་སྨི་སི་ཡིན། འགོ་ཚུགས་མ་ཐག་པའི་སྤོ་ལོའི་སྒྲོམ་ནི་སླེ་བོ་སྟབས་བདེ་ཞིག་ཡིན་ཞིང་། ནེ་ཧྲི་མི་སིས་དེ་ཁང་པའི་ནང་གི་ལུས་རྩལ་ཁང་གི་སྣེ་གཉིས་སུ་གཏན་འཁེལ་བྱས་ནས་ས་ངོས་ཀྱི་མཐོ་ཚད་སྨི་གསུམ་ཡོད་པའི་ས་ཆར་ལྕགས་སྐུད་ཀྱི་དྲ་བས་ཐོག་མའི་སྤོ་ལོའི་པང་ལེབ་ཀྱི་ཚབ་བྱས་པ་དང་། ཁོང་གིས་ད་དུང་རྐང་གྲུག་དང་། འཇོང་གྲུག སོགས་སྤོ་ལོའི་རྣམ་གྲངས་ཀྱི་ཁྱད་ཆོས་སྔོག་འདོན་བྱས་ནས་ཐོག་མའི་སྤོ་ལོའི་འགྲན་བསྡུར་གྱི་སྒྲིག་སྲོལ་བཟོས་པ་རེད། ཕྱིས་སུ་མི་རྣམས་ཀྱིས་སྤོ་ལོའི་ལུས་རྩལ་གྱི་འགྲན་བསྡུར་སྒྲིག་སྲོལ་དང་གནས་ཡུལ་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྤོ་ལོའི་སྒྲོམ་གྱི་ཐོག་མའི་དབྱིབས་ཏེ་སླེ་བོ་མེད་པར་བཟོས་པ་དང་། སླེའུ་ཡི་ཞབས་མེད་པར་བཟོས་པ་མ་ཟད། ལྕགས་སྐུད་ཀྱིས་སླེ་བོའི་ཚབ་བྱས་པ་དང་། ཤིང་ལེབ་ཀྱིས་སྤོ་ལོའི་པང་ལེབ་ཀྱིས་ཐོག་མའི་ལྕགས་སྐུད་ཀྱི་ཚབ་བྱས་པས། སྤོ་སྒྲོམ་རིམ་བཞིན་འཐུས་ཚང་དུ་གྱུར། དེ་མིན། ནའེ་ཧྲི་མིས་སིས་ཡང་བསྐྱར་སྤོ་ལོའི་འགྲན་སྡུར་གྱི་སྒྲིག་ལམ་ལ་བཅོས་སྒྱུར་བྱས་པ་མ་ཟད། སྤོ་ལོ་འཁྱེར་ནས་རྒྱུགས་པ་དང་མི་འདེད་པ། མི་ལ་རྒྱག་པ་སོགས་ཀྱི་སྒྲིག་ལམ་གཏན་འབེབས་བྱས། འདིས་སྤོ་ལོའི་ལུས་རྩལ་གྱི་སྤྲོ་སྣང་རང་བཞིན་ཆེས་ཆེར་མཐོ་རུ་བཏང་ཡོད།

2 བེད་སྤྱོད་དང་བདག་སྐྱོང་།
2_1 དུས་བཀག་ལྟར་ཞིབ་བཤེར།

སྤོ་ལོའི་སྒྲོམ་གྱི་བདག་སྐྱོང་གི་ཆེས་གཞི་རྩའི་ལས་ཀ་ནི་དུས་བཅད་ལྟར་ཞིབ་བཤེར་བྱེད་པ་དང་། ལོ་རེར་འབྲེལ་མཐུད་དང་ཚ་ལ་བརྒྱབ་པའི་གནས་ཀྱི་བཙའ་ཆགས་ཚད་དང་སྲ་བརྟན་རང་བཞིན་ལ་ཞིབ་བཤེར་ཐེངས་གཉིས་བྱེད་པ་དང་། སྤོ་སྒྲོམ་ལ་རྩི་ལྷུང་བའི་སྣང་ཚུལ་ཡོད་མེད་དང་བཙའ་ཆགས་པའི་སྣང་ཚུལ་ཡོད་མེད་དང་ཁུང་བརྟོལ་ཡོད་མེད་ལ་ལྟ་ཞིབ་བྱེད་དགོས། གལ་ཏེ་རྩི་ལྷུང་བའི་སྣང་ཚུལ་བྱུང་ཚེ་དུས་ཐོག་ཏུ་ཞིག་གསོ་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ན་སྤོ་སྒྲོམ་གྱི་ངར་ལྕགས་རྒྱུ་ཆས་བཙའ་ཆགས་ནས་རུལ་བསླད་ཚབས་ཆེན་བྱུང་ནས་མཇུག་མཐར་ཁུང་བརྟོལ་བའི་སྣང་ཚུལ་འབྱུང་སྲིད། བཙའ་ཆགས་པ་དང་ཁུང་བུ་བརྟོལ་བའི་ཆ་ཤས་ལ་ཉམས་གསོ་དང་རུལ་འགོག་ཐག་གཅོད་བྱེད་དགོས་པ་དང་། དེའི་ནང་གི་ཚ་ལ་རྒྱག་ས་ནི་རུལ་སླ་ཤོས་ཀྱི་གནས་ཤིག་ཡིན། གལ་ཏེ་ལྷོད་པོ་དང་རུལ་སུངས་ཀྱི་སྣང་ཚུལ་ཡོད་ན་དུས་ཐོག་ཏུ་ཉམས་གསོ་བྱེད་དགོས།

2_2 བཀོལ་སྤྱོད་དང་སྲུང་སྐྱོང་།

སྤོ་སྒྲོམ་ལུགས་མཐུན་གྱིས་བཀོལ་སྤྱོད་བྱེད་པ་ནི་སྤོ་སྒྲོམ་བདག་སྐྱོང་དང་སྲུང་སྐྱོང་བྱ་བའི་ཁྲོད་ཀྱི་ཆ་ཤས་ཤིག་ཡིན་ལ། དེའི་ནང་གི་པང་ལེབ་ནི་སྤོ་ལོའི་སྒྲོམ་ནང་གི་ཆེས་ཉམས་ཞན་གྱི་ཁག་དེ་ཡིན། བཀོལ་སྤྱོད་བྱེད་པའི་གོ་རིམ་ཁྲོད་རྡེག་བརྟོལ་བྱེད་སླ་བས་སོ་ཕག་སོགས་དངོས་པོ་སྤྱད་དེ་སྤོ་ལོའི་པང་ལེབ་ལ་རྡུང་མི་རུང་། སྤོ་ལོའི་སླེའུ་ཡང་དེ་དང་འདྲ་བར་ལྡེམ་རྩིབ་རིགས་མིན་པའི་སྤོ་སྒྲོམ་གྱི་སྤོ་ལོའི་སླེའུ་ནང་དྲག་འཛུད་བྱེད་མི་ཆོག གལ་ཏེ་སྤོ་ལོའི་སླེའུ་གསེག་པའམ་གས་སྲུབས་ཡོད་པ་མཐོང་ན། སྤོ་ལོའི་སྒྲོམ་བསྐོར་ནས་བཀོལ་སྤྱོད་བྱེད་མི་ཆོག་པར་བཟོ་གྲྭ་བརྒྱུད་ནས་སྲུང་སྐྱོབ་དང་བརྗེ་དགོས།

2_3 གཙང་སྦྲ་བྱེད་ཐབས།

སྤོ་སྒྲོམ་ཡུན་རིང་བོར་བཀོལ་ན་དྲེག་པ་དང་ལྷད་རྫས་གཞན་པ་འབྱུང་སྲིད་པས། དུས་བཅད་ལྟར་སྤོ་སྒྲོམ་ལ་གཙང་སྦྲ་བྱེད་དགོས། ཁང་པའི་ཕྱི་རོལ་གྱི་སྤོ་ལོའི་སྒྲོམ་ངོས་ནས་བརྗོད་ན། ཁང་པའི་ནང་གི་སྤོ་ལོའི་སྒྲོམ་གྱི་སྲུང་སྐྱོང་ལས་ཀ་གཙོ་བོ་ནི་གཙང་སྤྲ་བྱེད་པ་དེ་ཡིན། གང་ལགས་ཤེ་ན། ཁང་བའི་ནང་དུ་ཆར་ཆུ་མེད་པས། དུས་ཡུན་རིང་པོའི་ནང་སྤོ་ལོའི་པང་ལེབ་བེད་སྤྱོད་བཏང་ན་བཙོག་པ་ཆགས་སླ་བས་དེ་མཚུངས་ཀྱི་གཙང་སྦྲའི་བྱ་ཐབས་སྤྱོད་དགོས། 


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་རྩལ། སྤོ་ལོ། པང་ལེབ།