འགྲིམ་འགྲུལ་ཅུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-01-02 19:10ལ་འགྲུབ།

འགྲིམ་འགྲུལ་ཅུས།

འགྲིམ་འགྲུལ་ཅུས།
འགྲིམ་འགྲུལ་ཅུས་ནི་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལམ། ས་གནས་ལྕགས་ལམ་སོགས་འགྲིམ་འགྲུལ་ལས་རིགས་ལ་དོ་དམ་བྱེད་པའི་གྲིང་ཁྱེར་སྲིད་གཞུང་གི་བྱ་བའི་ལས་ཁུངས་ཤིག་ཡིན། ནང་ཁུལ་དུ་གཞུང་སྒྲུབ་ཁང་དང་། མི་དོན་ཁོ། ཕྱོགས་བསྡུས་ཁོ། ནོར་དོན་ཁོ། འཆར་འགོད་རྨང་གཞིའི་འཛུགས་སྐྲུན་ཁོ། སྲིད་ཇུས་ཁྲིམས་སྲོལ་ཁོ་བཅས་འགན་ནུས་ཁོ་ཧྲི6ཡོད། བསྡོམས་པའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ལས་དོན་ལས་ཁུངས8ཡོད། དེའི་ཁྲོད་དུ་རྫོང་རིམ་པའི་ལས་ཁུངས3ཡོད་པ་སྟེ། གྲོང་ཁྱེར་གཞུང་ལམ་དོ་དམ་ཅུས་དང་། གྲོང་ཁྱེར་མཚོ་ཐོག་སྐྱེལ་འདྲེན་དོ་དམ་ཅུས། གྲོང་ཁྱེར་ས་གནས་ལྕགས་ལམ་དོ་དམ་ཅུས་གསུམ་ཡིན། རྫོང་རིམ་པ་གཞོན་པའི་ལས་ཁུངས2ཡོད་པ་སྟེ། གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་ཁྲུའུ་དང་གྲོང་ཁྱེར་འགྲིམ་འགྲུལ་ཞིབ་བཤེར་ཉིང་ལག་རུ་ཁག་གཉིས་ཡིན། ཁོ་རིམ་པའི་ལས་ཁུངས3ཡོད་པ་སྟེ། གྲོང་ཁྱེར་འགྲིམ་འགྲུལ་དམག་གྲབས་གཞུང་ལས་ཁང་དང་། འགྲིམ་འགྲུལ་ཆ་འཕྲིན་ལྟེ་གནས། གྲོང་ཁྱེར་འགྲིམ་འགྲུལ་གཞི་རྩའི་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚིགས་བཅས་ཡིན།
1 ​འགན་ནུས་གཙོ་བོ།

(གཅིག) གཞུང་ལམ་དང་། ཆུ་ལམ། ས་གནས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་བཅས་སྐོར་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་བྱེད་ཕྱོགས་དང་། སྲིད་ཇུས། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལམ། ས་གནས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་འཆར་གཞི་བཟོས་ནས། འབྲེལ་ཡོད་སྒྲིག་སྲོལ་གཏན་འབེབས་བཟོ་བ་དང་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱེད་དགོས།

(གཉིས) རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལམ། ས་གནས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་བཅས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་དེ་བཞིན་གྲོང་ཁྱེར་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་ནས་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལམ། ས་གནས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་བཅས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་། དུས་ཡུན་འབྲིང་བ་དང་དུས་ཡུན་རིང་པའི་འཆར་གཞི། ལོ་འཁོར་གྱི་འཆར་གཞི་བཅས་བཟོ་དགོས་པ་མ་ཟད། རྩ་འཛུགས་ལག་བསྟར་བྱེད་དགོས། ལས་རིགས་བསྡོམས་རྩིས་དང་ཆ་འཕྲིན་ཁྲིད་སྟོན་ལས་དོན་ལ་འགན་འཁུར་དགོས།

(གསུམ) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་དང་། ཆུ་ལམ། ས་གནས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ལས་རིགས་བཅས་ཀྱི་དོ་དམ་དང་སྐྱེལ་འདྲེན་རྩ་འཛུགས་ལ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། འགྲོ་ལམ་དང་། ཆུ་ཐོག་སྐྱེལ་འདྲེན། སྐྱེལ་འདྲེན་བྱེད་སྟངས་གཞན་དག་བཅས་འབྲེལ་མཐུད་ཡོང་བ་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་སྤྲད་པའི་དངོས་ཟོག་གཙོ་བོའི་སྐྱེལ་འདྲེན་དང་། ཉེར་མཁོའི་དངོས་ཟོག་སྐྱེལ་འདྲེན། དམག་དོན་སྐྱེལ་འདྲེན་བཅས་རྩ་འཛུགས་དང་ལག་བསྟར་བྱེད་དགོས།

(བཞི) གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཚོང་ར་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚོང་ར་གསོ་སྐྱོང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ་དང་། ཚོང་རའི་མ་ལག་བཀོད་སྒྲིག་བྱེད་ཚུལ་གྱི་འཆར་འགོད། ཚོང་རའི་སྒྲིག་ལམ་གཏན་འབེབས། ཚོང་རའི་བྱ་སྤྱོད་ཚད་ལྡན་དང་ལྟ་སྐུལ་བཅས་བྱས་ནས་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་ལས་རིགས་ཀྱི་འདྲ་མཉམ་འགྲན་རྩོད་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཆ་འཕྲིན་དང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས།

(ལྔ) འགྲིམ་འགྲུལ་ལས་གྲྭ་གཙོ་གནད་འཛུགས་སྐྲུན་གྱི་བྱ་བ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་དང་། འགྲིམ་འགྲུལ་ལས་གྲྭ་འཛུགས་སྐྲུན་བྱེད་པའི་འགན་གཉེར་མཁན་དང་འགན་གཉེར་མཁན་བསྡུ་བའི་དོ་དམ་གྱི་བྱ་བའི་འགན་འཁུར་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགྲིམ་འགྲུལ་ལས་གྲྭའི་བཅད་གྲངས་དོ་དམ་དང་འགྲིམ་འགྲུལ་གཞི་རྩའི་འཛུགས་སྐྲུན་ལས་གྲྭའི་སྤུས་ཀར་དོ་དམ་དང་ལྟ་སྐུལ་བྱེད་པའི་འགན་འཁུར་དགོས།

(དྲུག) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་བྱེད་པའི་འགན་འཁུར་དགོས། གཞུང་ལམ་དང་དེའི་ཟུར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་དང་། བདག་སྐྱོང་། དོ་དམ་བཅས་ཀྱི་བྱ་བ་རྩ་འཛུགས་བྱེད་དགོས། གཞུང་ལམ་དོ་དམ་བྱེད་པའི་འགན་འཁུར་དགོས་པ་དང་། གཞུང་ལམ་གྱི་རྒྱུ་ནོར་བདག་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས།

(བདུན) གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ཚོང་གཉེར་རང་བཞིན་གྱི་སྐྱེལ་འདྲེན་ས་ཚུགས་དང་། ས་གནས། ཚོང་ར་བཅས་འཛུགས་སྐྲུན་བྱེད་རྒྱུའི་འཆར་འགོད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲུལ་སྐྱེལ་དང་། དངོས་ཟོག་སྐྱེལ་འདྲེན། འགྲུལ་སྐྱེལ་བོགས་གཏོང་། ཡུལ་སྐོར་འགྲུལ་སྐྱེལ། རླངས་འཁོར་བོགས་གཏོང་། གཞན་ཡང་གཞུང་ལམ་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་འཕྲུལ་སྒུལ་འཁོར་རིགས་ཞིག་གསོ་དང་། སྐྱེལ་འདྲེན་ཞབས་ཞུའི་ལས་རིགས། རླངས་འཁོར་ཁ་ལོ་བའི་སློབ་གྲྭ ཁ་ལོ་བ་གསབ་སྦྱོང་བཅས་ཀྱི་ལས་རིགས་དོ་དམ་གྱི་འགན་འཁུར་དགོས། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཞིབ་བཤེར་དང་དོ་དམ་ལས་དོན་ལ་འགན་འཁུར་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་དངོས་ཟོག་སྐྱེལ་འདྲེན་གྱི་འབྲེལ་མཐུད་མཐུན་སྦྱོར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། འགྲིམ་འགྲུལ་མཚམས་སྦྱོར་རྩ་འཛུགས་དང་ཆ་འཕྲིན་སྒྲིག་སྦྱོར་ལས་རིགས་དོ་དམ་བྱེད་པའི་འགན་འཁུར་དགོས།

(བརྒྱད) གྲོང་ཁྱེར་ཡོངས་ཀྱི་གྲུ་ཁའི་ས་ཚུགས་གཙོ་བོའི་འཆར་འགོད་བཟོ་རྒྱུ་རྩ་འཛུགས་དང་ལག་བསྟར་བྱེད་རྒྱུར་ལྟ་སྐུལ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་གྲུ་ཁ་བཀོད་སྒྲིག་དང་གྲུ་ཁའི་མཁའ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན། བདག་སྐྱོང་། དོ་དམ་བཅས་བྱེད་པའི་འགན་འཁུར་དགོས། ཆུ་ཐོག་སྐྱེལ་འདྲེན་དང་། ཆུ་ཐོག་གི་འགྲིམ་འགྲུལ་བདེ་འཇགས། གྲུ་པ་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་འགན་འཁུར་དགོས།

(དགུ) གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ཐད་གཏན་འབེབས་བྱས་པའི་གྲོན་དངུལ་སྣ་ཚོགས་བསྡུ་བ་དང་། དོ་དམ། བེད་སྤྱོད་བཅས་བྱེད་འགན་འཁུར་དགོས། གཞུང་ལམ་དང་ཟམ་པའི་རིན་བསྡུའི་ས་ཚིགས་འཛུགས་རྒྱུར་ཞིབ་བཤེར་དང་། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་སྒྲིག་སྲོལ་དང་འཛུགས་སྐྲུན་རྣམ་གྲངས་ཁག་གི་རྩིས་བཤེར་ལྟ་སྐུལ་ལ་འགན་འཁུར་དགོས།

(བཅུ) འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མ་དངུལ་འཇོག་པ་དང་། རིན་གོང་། ཁྲལ་བསྡུ། ཡིད་རྟོན་དངུལ་བུན། ངལ་རྩོལ་གླ་ཕོགས། ཕྱི་རྒྱལ་གྱི་དངུལ་བརྗེས་དང་དེ་མིན་གྱི་འགྲིམ་འགྲུལ་ལས་རིགས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་བཟོ་དགོས།

(བཅུ་གཅིག) གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་ལས་རིགས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་དང་ཁེ་ལས་དོ་དམ་ལས་དོན་ལ་མཛུབ་ཁྲིད་བྱས་ཏེ་ཅུས་ཁོངས་གཏོགས་ལས་ཁུངས་ཀྱི་རྒྱལ་ཁབ་ལ་དབང་པའི་རྒྱུ་ནོར་ལ་དོ་དམ་བྱེད་འགན་འཁུར་དགོས།

(བཅུ་གཉིས) གྲོང་ཁྱེར་ཡོངས་ཀྱི་ས་གནས་ལྕགས་ལམ་འཛུགས་སྐྲུན་དང་དོ་དམ་བྱེད་པའི་འགན་འཁུར་དགོས། ཁོངས་གཏོགས་ས་ཁུལ་གྱི་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་གི་ལས་རིགས་དོ་དམ་དང་ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་གི་མཐུན་སྦྱོར་དོ་དམ་བྱེད་པའི་འགན་འཁུར་དགོས།

(བཅུ་གསུམ)ཅུས་ལས་ཁུངས་དང་ཅུས་ཁོངས་གཏོགས་སྡེ་ཚན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀའི་འགན་འཁུར་རྒྱུ། འགྲིམ་འགྲུལ་ལས་རིགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དང་། འགྲིམ་འགྲུལ་ལས་རིགས་ཀྱི་ཤེས་ལྡན་མི་སྣ་སྔོན་དཔག་དང་། སློབ་གསོ། གསོ་སྦྱོང་བཅས་ཀྱི་ལས་ཀ་སྒྲིག་འཛུགས་དང་ཁྲིད་སྟོན་བྱ་རྒྱུ།

(བཅུ་བཞི) འགྲིམ་འགྲུལ་ལས་རིགས་ཀྱིས་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་དང་། ཕྱི་ཕྱོགས་དང་མཉམ་ལས། བགྲོ་གླེང་བྱེད་པའི་ལས་དོན་རྩ་འཛུགས་དང་མཐུན་སྦྱོར་བྱས་ཏེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྐྱེལ་འདྲེན་དོ་དམ་ལས་དོན་གྱི་ཁྲོད་དུ་གསབ་ཞུགས་བྱེད་དགོས།

(བཅོ་ལྔ) འགྲིམ་འགྲུལ་ཚན་རྩལ་སྐོར་གྱི་སྲིད་ཇུས་དང་། ཚན་རིག་ལག་རྩལ་གསར་སྤེལ་གྱི་བྱ་བ་ཚད་ལྡན་དུ་བསྒྱུར་རྒྱུ་རྩ་འཛུགས་བྱས་ནས་ལས་རིགས་ཀྱི་ཚན་རྩལ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་འགྲིམ་འགྲུལ་བཟོ་ལས་ཐོན་རྫས་ཁས་ལེན་དང་སྤུས་ཚད་ལ་ལྟ་སྐུལ་བྱ་རྒྱུ་རྩ་འཛུགས་བྱེད་དགོས།

(བཅུ་དྲུག) གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་དམག་གྲབས་ལས་དོན་ལ་འགན་འཁུར་རྒྱུ་དང་། གྲོང་ཁྱེར་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་སྒྲུབ་པའི་འགན་འཁུར་དགོས།

(བཅུ་བདུན) གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་མངག་བཀོད་བྱས་པའི་དོན་དག་གཞན་དག་སྒྲུབ་པའི་འགན་འཁུར་དགོས།

2 འབྲེལ་གཏུག་བྱེད་ཐབས།

པེ་ཅིང་གྲོང་ཁྱེར་འགྲིམ་འགྲུལ་ཅུས།

གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གི་ཁ་པར་ཨང་གྲངས68351150ཆུ་ཚོད24ལ་ཡོད།

ནང་དོན། གྲོང་ཁྱེར་འདི་གའི་གཞུང་ལམ་དང་འགྲིམ་འགྲུལ་སྐྱེལ་འདྲེན(སྤྱི་པའི་འགྲིམ་འགྲུལ་དང་། འགྲིམ་འགྲུལ། རྒྱང་རིང་འགྲུལ་སྐྱེལ། དངོས་ཟོག་སྐྱེལ་འདྲེན། ཆུ་ཐོག་འགྲིམ་འགྲུལ་སོགས་ཚུད)ཕྱོགས་བསྡུས་ཀྱིས་དོ་དམ་བྱེད་དགོས།

སྡོད་གནས། མཁར་ནུབ་ཁུལ་པེ་ལི་ཧྲི་ལམ་ཨང་རྟགས22པ།

སྦྲག་ཨང་། 100044

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

འགྲིམ་འགྲུལ། ལས་ཁུངས། འགན་ནུས།