ཆང་རྐྱལ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ། ནས 2020-01-08 11:30ལ་འགྲུབ།
འདིར་ཉིན་མཚན་མེད་པར་ཆང་ཁོ་ན་འཐུང་ནས་འཚོ་བ་རོལ་བཞིན་པའི་རྒད་པོ་ཞིག་ཡོད་ལ། ཆང་འཐུང་ཐེངས་རེར་ཐང་དུ་འགྱེལ་ནས་ངོ་གདོང་ལ་རྨ་ཁ་ཡང་དང་བསྐྱར་དུ་བཟོ་བའི་ཆང་རྐྱལ་ཞིག་ལ་བཏགས་པ་བྱས་ཚུལ་བཀོད་ཡོད།
ཉིན་མཚན་མེད་པར་ཆང་ཁོ་ན་འཐུང་ནས་འཚོ་བ་རོལ་བཞིན་པའི་རྒད་པོ་ཞིག་ཡོད་ལ། ཆང་འཐུང་ཐེངས་རེར་ཐང་དུ་འགྱེལ་ནས་ངོ་གདོང་ལ་རྨ་ཁ་ཡང་དང་བསྐྱར་དུ་བཟོ་བ་དང་། ལྭ་བའི་སྐེ་རགས་མ་བཅིངས་པར་དྲུད་ནས་འགྲོ་བཞིན་ཡོད། ཐེངས་ཤིག་ཆང་གིས་བཟི་ནས་སྐེ་རགས་དྲུད་ཅིང་ཁྱར་ཁྱོར་ངང་རྒྱ་སྲང་ལ་འགྲོ་དུས། བཙུན་པ་ཁ་བདེ་ཞིག་དང་ཕྲད་པས་བཙུན་པ་དེས་ཁོ་ལ་འདི་ལྟར་བཏགས་པ་བྱས།
ངོ་རྨ་ཤུན་ཅན་གྱི་ཨ་ཁུ། །
ཆང་ཨ་རག་བཟི་ཁ་ཅན་པོ། །
ཁ་མ་རེག་བཟེ་ནི་མིན་ད། །
རེག་བཏང་ངེ་དབང་ལ་མི་ཡོང་། །
ཆང་བཟི་རག་བར་དུ་འཐུང་ན། །
ཚིག་ན་རག་ཏག་ཏག་བཤད་ལ། །
ལྭ་སྐེ་རགས་བཤིག་ནོ་བྱ་ལྟོས། །
ཁྱོད་ཨ་རག་ཅན་པོ་རེད་ལ། །