སྤྱི་ལོ1127པ་མེ་ལུག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1127པ་མེ་ལུག་ལོ།

སྤྱི་ལོ1127པ་མེ་ལུག་ལོ།
སྤྱི་ལོ1127པ་མེ་ལུག་ལོ། ལོ་འདིར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་དང་འབའ་རོམ་བཀའ་བརྒྱུད་པའི་སྲོལ་གཏོད་པ་དར་མ་དབང་ཕྱུག་གཉིས་སྐུ་བལྟམས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1127
བོད་ཡིག་གི་མིང་།
མེ་ལུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1127པ་མེ་ལུག་ལོ། ལོ་འདིར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་དང་འབའ་རོམ་བཀའ་བརྒྱུད་པའི་སྲོལ་གཏོད་པ་དར་མ་དབང་ཕྱུག་གཉིས་སྐུ་བལྟམས། 

2 མི་སྣའི་མཛད་འཕྲིན། 

1.ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་བྷ་དྲ་ནི། ཡབ་ཚོང་དཔོན་ཆེན་པོ་ས་མ་ཛ་ཡའི་སྲས་སུ་ཀསྨིར་དུ་སྐུ་འཁྲུངས། དགུང་ལོ་བཅུ་གནས་རིག་པའི་གནས་ལ་སྦྱང་པ་ལེགས་པར་མཛད། དེ་རྗེས་རྒྱ་གར་ཤར་ཕྱོགས་སུ་ཕེབས་ཏེ་ཚད་མ་དང་གསང་སྔགས་ཀྱི་ཆོས་སོགས་རིག་པའི་གནས་ལྔར་སྦྱང་པ་མཐར་ཕྱིན་མཛད་དེ་པཎ་ཊི་ཏ་ཆེན་པོར་གྱུར། དེ་ནས་རྒྱ་གར་དུ་ཁ་ཆེའི་དམག་གིས་ནང་པའི་དགོན་སྡེ་མང་པོ་གཏོར་བས་བོད་དུ་བྲོས། ཁྲོ་ཕུ་ལོ་ཙཱ་བའི་ཕེབས་རོགས་འོག་རིམ་བཞིན་མཚུར་ཕུ་དང་ལྷ་སར་ཕེབས། འཛམ་གླིང་ན་གྲགས་ཆེ་བའི་མཚུར་ཕུའི་བྱམས་པའི་སྐུ་བརྙན་ཆེན་པོ་བཞེངས། བསྟན་བཅོས་མང་དུ་བསྒྱུར། བོད་དུ་ལོ་བཅུ་ཙམ་བཞུགས་རིང་བསམ་ཡས་དང་། མཆིམས་ཕུ། རྭ་སྒྲེང་། ལྷོ་བྲག་སོགས་དགོན་གནས་མང་པོར་ཞབས་བཅས་ཏེ་བསྟན་པ་རྒྱ་ཆེར་སྤེལ། དེ་ནས་རྒྱ་གར་གྱི་ཡུལ་གྲུ་ཀསྨིར་ཕྱིར་ཕེབས། དགུང་ལོ་དགུ་བཅུ་གོ་དགུར་ཕེབས་ཏེ་མེ་ཁྱི(སྤྱི་ལོ1226)ལོར་དགོངས་པ་གཞན་དོན་དུ་གཤེགས།

2.འབའ་རོམ་བཀའ་བརྒྱུད་པའི་སྲོལ་གཏོད་པ་དར་མ་དབང་ཕྱུག་ནི། ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་། ཡུམ་ཇོ་མོ་ལོ་ཆུང་གཉིས་ཀྱི་སྲས་སུ་འཕན་ཡུལ་དཀའ་བ་སྣ་ཞེས་པར་སྐུ་བལྟམས། རྗེ་འདི་ཉིད་ནི་ལོ་རྒྱུས་ཐོག་གྲགས་ཆེ་བའི་བློན་ཆེན་བྲན་ཀ་དཔལ་གྱི་ཡོན་ཏན་གྱི་གདུང་བརྒྱུད་བཅུ་གཅིག་པ་ཡིན། སྐུ་གཞོན་ནུའི་དུས་སུ་མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ་ཏེ་སློབ་མར་གྱུར།། བཀའ་བརྒྱུད་པའི་གདམས་ངག་མན་ངག་གཞུང་ལུགས་མང་དུ་གསན་ནས་མཁས་པར་གྱུར། དེ་རྗེས་ཁམས་ཕྱོགས་སུ་ཕེབས་ནས་འགྲོ་དོན་རྒྱ་ཆེར་སྤེལ། དེ་ནས་འབའ་རོམ་དུ་ཕེབས། བྲག་དམར་གྱི་ལྡེབས་སུ་གཙུག་ལག་ཁང་དང་དགོན་པ་ཕྱག་བཏབ། དགེ་འདུན་གྱི་སྡེ་བཙུགས། སློབ་མ་མང་དུ་སྤེལ། དེ་ནས་བཟུང་འབའ་རོམ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་སྤེལ།