སྤྱི་ལོ1124པ་ཤིང་འབྲུག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-07 10:40ལ་འགྲུབ།

སྤྱི་ལོ1124པ་ཤིང་འབྲུག་ལོ།

སྤྱི་ལོ1124པ་ཤིང་འབྲུག་ལོ།
སྤྱི་ལོ1124པ་ཤིང་འབྲུག་ལོ། ལོ་འདིར་མངའ་བདག་ཉང་ཉི་མ་འོད་ཟེར་སྐུ་བལྟམས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1124
བོད་ཡིག་གི་མིང་།
ཤིང་འབྲུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1124པ་ཤིང་འབྲུག་ལོ། ལོ་འདིར་མངའ་བདག་ཉང་རལ་ཉི་མ་འོད་ཟེར་སྐུ་བལྟམས། 

2 མི་སྣའི་མཛད་འཕྲིན། 

ཉང་རལ་ཉི་མ་འོད་ཟེར། མཚན་གཞན་མངའ་བདག་ཉང་རལ་པ་ནི། ཡབ་ཉང་སྟོོན་ཆོས་ཀྱི་འཁོར་ལོ་དང་ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཛེད་ས་སེར་དགོན་ཞེས་པར་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་ནས་ཡབ་ཀྱི་དྲུང་དུ་ཆོས་འབའ་ཞིག་གསན། དེ་རྗེས་རྒྱ་སྨྱོན་པ་དོན་ལྡན་དང་། ཞིག་པོ་ཉི་མ་སེང་གེ་སོགས་སྐྱེས་ཆེན་དམ་པ་མང་པོའི་དྲུང་ནས་གསང་སྔགས་དང་མཚན་ཉིད་རྒྱ་ཆེར་གསན། སྐུ་ཚེ་ཧྲིལ་པོར་སྒོམ་སྒྲུབ་དང་བཀའ་བསྟན་དུ་མ་འཆད་སྤེལ་མཛད་པས་གྲུབ་མཐའ་རིས་མེད་ཀྱི་དད་ལྡན་སྐྱེ་བོ་ཀུན་གྱིས་བསྔགས་པའི་ཡུལ་དུ་གྱུར། རྙིང་མ་བའི་གཏེར་སྟོན་བརྒྱ་རྩའི་ནང་ནས་རྗེ་འདི་ཉིད་ལ་གཏེར་སྟོན་གོང་མ་དང་། གུ་རུ་ཆོས་དབང་ལ་གཏེར་སྟོན་འོག་མ་ཞེས་སྙན་པའི་མཚན་བཟང་ཕྱོགས་བཞི་ཀུན་ཏུ་ཁྱབ། ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩའི་བཅུད་སོགས་བསྟན་བཅོས་འབའ་ཞིག་བརྩམས། གུ་རུ་ཆོས་དབང་དང་སྲས་འགྲོ་མགོན་ནམ་མཁའ་དཔལ་བ་སོགས་སློབ་མ་མང་དུ་བསྐྱངས། མཐར་དགུང་གྲངས་དྲུག་ཅུ་རེ་དགུར་གཟུགས་ཀྱི་བཀོད་པ་བསྡུས།