སྤྱི་ལོ1118པ་ས་ཁྱི།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1118པ་ས་ཁྱི།

སྤྱི་ལོ1118པ་ས་ཁྱི།
སྤྱི་ལོ1118པ་ས་ཁྱི། ལོ་འདིར་གླང་རི་ཐང་པ་རྡོ་རྗེ་སེང་གེ་སྐུ་གཤེགས་པ་དང་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་རྒྱལ་ཚ་ཀུན་དགའ་ཤེས་རབ། མཚན་གཞན་རིན་ཆེན་མགོན་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས་པ་བཅས་དོན་ཆེན་གཉིས་བྱུང་།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1118
བོད་ཡིག་གི་མིང་།
ས་ཁྱི།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1118པ་ས་ཁྱི། ལོ་འདིར་གླང་རི་ཐང་པ་རྡོ་རྗེ་སེང་གེ་སྐུ་གཤེགས་པ་དང་ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་རྒྱལ་ཚ་ཀུན་དགའ་ཤེས་རབ། མཚན་གཞན་རིན་ཆེན་མགོན་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས་པ་བཅས་དོན་ཆེན་གཉིས་བྱུང་།

2 མི་སྣའི་མཛད་འཕྲིན། 

ཕག་གྲུ་རྡོ་རྗེ་རྒྱལ་པོའི་སློབ་མ་རྒྱལ་ཚ་ཀུན་དགའ་ཤེས་རབ། མཚན་གཞན་རིན་ཆེན་མགོན་ཤབ་སྨད་དུ་གནུབས་ནམ་མཁའི་སྙིང་པོའི་གདུང་བརྒྱུད་དུ་སྐུ་འཁྲུངས། དགུང་ལོ་ལྔར་ཡིག་རྩིས་ལ་སྦྱང་པ་མཛད། སྐུ་ན་སོན་རྗེས་གནུབས་ཉི་མ་སོགས་མཁས་གྲུབ་མང་པོའི་དྲུང་ནས་གཞུང་ལུགས་མང་དུ་གསན། དེ་ནས་ཡུལ་དབུས་སུ་བྱོན་ཏེ་པུ་རངས་ལོ་ཙཱ་བའི་དངོས་སློབ་དམར་ཆོས་ཀྱི་རྒྱལ་པོ་སོགས་དང་མཇལ། བླ་མ་དམར་གྱི་ཞལ་བཀོད་ལྟར་འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་ཞབས་ལ་གཏུགས་ནས་བཀའ་གདམས་མན་ངག་མང་དུ་གསན་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་འཁྲུངས། ལྕགས་ཡོས(སྤྱི་ལོ1171)ཁྲོ་ཕུ་དགོན་པ་ཕྱག་བཏབ། ཁྲོ་ཕུ་བཀའ་བརྒྱུད་པའི་སྲོལ་བཏོད། དགེ་འདུན་གྱི་སྡེ་བཙུགས། སློབ་མ་མང་དུ་འདུས། མཐར་དགུང་ལོ་བདུན་ཅུ་དོན་བརྒྱད་ལ་ཕེབས་སྐབས་དགོངས་པ་གཞན་དོན་དུ་གཤེགས།