སྤྱི་ལོ1110པ་ལྕགས་སྟག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1110པ་ལྕགས་སྟག་ལོ།

སྤྱི་ལོ1110པ་ལྕགས་སྟག་ལོ།
སྤྱི་ལོ1110པ་ལྕགས་སྟག་ལོར། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་སྐུ་འཁྲུངས་པ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1110
བོད་ཡིག་གི་མིང་།
ལྕགས་སྟག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1110པ་ལྕགས་སྟག་ལོར། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་དང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའམ་ཁམས་པ་དབུ་སེ་སྐུ་འཁྲུངས་པ་རེད། 

2 མི་སྣའི་མཛད་འཕྲིན། 
2_1 ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ།

ཡབ་དབས་ཝེར་དར་བྱ་བ་དང་ཡུམ་རེ་དབྱེ་བཟའ་བཙུན་ནེ་བྱ་བའི་སྲས་སུ་སྐུ་འཁྲུངས། དེ་ནས་རབ་ཏུ་བྱུང་། མཚན་དུ་རྡོ་རྗེ་རྒྱལ་པོ་ཞེས་གསོལ། སྐྱེས་སྟོབས་ཀྱི་རྩལ་དང་ལྡན་པས་ཡི་གེ་དང་ལྷ་བྲིས་ཚེགས་མེད་དུ་མཁྱེན། དེ་རྗེས་ཁམས་ཁུལ་དུ་བླ་མ་བཅུ་དྲུག་ཙམ་གྱི་ཞབས་ལ་གཏུགས་ཏེ་བཀའ་བསྟན་གཞུང་ལུགས་མང་དུ་གནས་ཏེ་མཁས་པའི་རྩེ་མོར་སོན། རྗེ་འདི་ཉིད་ཀྱི་མཉམ་མེད་དྭགས་པོ་ལྷ་རྗེའི་བཀའ་གདམས་དང་། རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོ་གཉིས་ཀ་འཛིན་པས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སུ་གྲགས། ས་སྟག(སྤྱི་ལོ1158)ལོར། ཕག་གྲུའི་གདན་ས་མཐིལ་ཕྱག་བཏབ་སྟེ་མཉམ་མེད་དྭགས་པོ་ལྷ་རྗེའི་གདམས་ངག་གཙོ་བོར་འཛིན་པའི་མདོ་སྔགས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། ཕྱོགས་མཚུངས་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གདམས་ངག་ཉམས་ལེན་ལས་ཕག་གྲུའི་བཀའ་བརྒྱུད་ཀྱི་སྲོལ་གཏོད། དེ་ནས་ཕག་གྲུའི་བཀའ་བརྒྱུད་ལས་སློབ་བརྒྱུད་འཕེལ་ཏེ་བཀའ་བརྒྱུད་ཆུང་བརྒྱད་ཅེས་ཡན་ལག་མང་དུ་འཕེལ། དགུང་ལོ་དྲུག་ཅུ་རེ་གཅིག་ཏུ་དགོངས་པ་ཆོས་དབྱིངས་སུ་གཤེགས།

2_2 ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ།

ཁོང་གི་མཚན་དུ་དགེ་འཕེལ་ཞེས་གསོལ། དེ་ནས་རབ་ཏུ་བྱུང་། ཆོས་མིང་ཆོས་ཀྱི་གྲགས་པ་ཞེས་གསོལ། ཇོ་བོ་རྗེའི་སློབ་མ་ཡོལ་ཆོས་དབང་དང་། རྒྱ་དམར་བ། བྱང་ཆུང་གྲགས་པ། ཆ་པ་ཆོས་ཀྱི་སེང་གེ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ཏེ་བཀའ་གདམས་ལམ་རིམ་དང་། དབུ་མ། འདུལ་བ་སོགས་གཞུང་ལུགས་མང་དུ་གསན་ཏེ་མཁས་པའི་རྩེ་མོར་སོན། མེ་ཡོས(སྤྱི་ལོ1147)ལོར། ཁམས་རི་བོ་ཆེར་ཀརྨ་ལྷ་སྟེང་དགོན་པ་ཕྱག་བཏབ་ནས་སྐུ་ཕྲེང་ན་རིམ་ལ་ཀརྨ་པའི་མཚན་ཐོབ། དེ་ནས་ས་བྱ(སྤྱི་ལོ1189)ལོར་མཚུར་ཕུ་དགོན་ཕྱག་བཏབ་ནས་གདན་ས་གོང་འོག་ཅེས་གྲགས་ཆེ་བར་གྱུར། སྔ་རྗེས་སུ་སློབ་མ་བཞི་སྟོང་ལྷག་ཙམ་འདུས། བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཀརྨ་བཀའ་བརྒྱུད་པའི་སྲོལ་བཏོད་ནས་བསྟན་པ་རྒྱས་པར་སྤེལ། དགུང་ལོ་བརྒྱད་ཅུ་གྱ་བཞིར་གཟུགས་ཀྱི་བཀོད་པ་བསྡུས།

3 ཞར་བྱུང་། 

སྤྱི་ལོ1111པ་ལྕགས་ཡོས་ལོ།

བ་རི་ལོ་ཙཱ་བ་རིན་ཆེན་གྲགས་དགུང་ལོ་དོན་གཉིས་ལ་ཕེབས་ཏེ་དགོངས་པ་གཞན་དོན་དུ་གཤེགས།