སྤྱི་ལོ1101པ་ལྕགས་སྦྲུལ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1101པ་ལྕགས་སྦྲུལ།

སྤྱི་ལོ1101པ་ལྕགས་སྦྲུལ།
​སྤྱི་ལོ1101པ་ལྕགས་སྦྲུལ། ལོ་འདིར་འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ནི་ཡུལ་ལུ་དར་དུ་སྐུ་བལྟམས་པ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1101
བོད་ཡིག་གི་མིང་།
ལྕགས་སྦྲུལ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།


1 དོན་ཆེན་གནད་བསྡུས། 

སྤྱི་ལོ1101པ་ལྕགས་སྦྲུལ། ལོ་འདིར་འཆད་ཁ་བ་ཡེ་ཤེས་རྡོ་རྗེ་ནི་ཡུལ་ལུ་དར་དུ་སྐུ་བལྟམས་པ་རེད། 

2 མི་སྣའི་མཛད་འཕྲིན། 

སྐུ་ཆུང་ངུའི་དུས་ནས་ལོ་རོ་རས་ཆུང་བའི་སློབ་མ་མཛད། དེས་ནས་རབ་ཏུ་བྱུང་། མཚན་ཡེ་ཤེས་རྡོ་རྗེ་ཞེས་གསོལ། དེ་རྗེས་དབུས་སུ་བྱོན་ནས་བླ་མ་ཤ་ར་བའི་དྲུང་དུ་ལོ་བཅུ་གསུམ་བཞུགས་ཏེ་བློ་སྦྱོང་གི་བཀའ་ཁྲིད་ལེགས་པར་གསན། བློ་སྦྱོང་ཚོགས་ཆོས་བྱེད་པའི་སྲོལ་དེ་ནས་དར་ཞེས་ཟེར། དེ་ནས་མལ་གྲོར་ཕེབས་ཏེ་འཆད་ཁ་དགོན་ཕྱག་བཏབ། གདུལ་བྱ་འགྲོ་བའི་དོན་དུ་ཆོས་མང་དུ་གསུངས། མཐར་དགུང་ལོ་བདུན་ཅུ་དོན་བཞིར་དགོངས་པ་མྱ་ངན་ལས་འདས།