སྟག་ཤ་བཅུ་གཉིས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-02 09:12ལ་འགྲུབ།

སྟག་ཤ་བཅུ་གཉིས།

སྨན་འདི་ཁ་དོག་སྨུག་པོ་ཅན། རོ་ཁ་བ་དང་ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། ཕྱི་ནས་འདེབ་ཅིང་ནང་དུ་བཏང་༎ རྨ་རྣམས་རང་འབྱོར་རུས་ཆག་གསོ༎ ཤ་རོ་གཅོད་ཅིང་ཤའུ་གསོ༎ རྨ་སྨན་ཁྱད་ཅན་སྙིང་དང་འདྲ༎ འདི་ཡང་ངྷརྨ་སྭ་མའི་ལུགས༎ ཞེས་གསུངས་སོ༎
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གསོ་རིག
རིགས་དབྱེ།
སྨན་རྫས།
རྣམ་པ།
རིལ་བུ།
1 སྡེབ་ཁ།

སྟག་ཤ30 ཤུ་དག30 རྒུ་དྲུས30 སྤྱི་བཞུར30 ཁུར་མོང30 ཡུ་གུ་ཤིང30 བྲག་སྤོས30 ཨ་ཝ30 འབྲི་ཏ་ས་འཛིན30 གླ་རྩི10 དོམ་མཁྲིས10བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མ་དེ་ཡུག་ཤིང་ཁཎྜའི་ཆུས་འདམས་བཏགས་བྱས་ནས་རིལ་བུ་ཁེ0.8-1ཅན་དུ་དྲིལ་བའི་རིལ་བུའི་སྦྱོར་སྡེབ་ཅིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྨུག་པོ་ཅན། རོ་ཁ་བ་དང་ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།

4 ཕན་ཡོན།

སྨན་འདིའི་ཕན་ཡོན་ནི། ཕྱི་ནས་འདེབ་ཅིང་ནང་དུ་བཏང་༎ རྨ་རྣམས་རང་འབྱོར་རུས་ཆག་གསོ༎ ཤ་རོ་གཅོད་ཅིང་ཤའུ་གསོ༎ རྨ་སྨན་ཁྱད་ཅན་སྙིང་དང་འདྲ༎ འདི་ཡང་ངྷརྨ་སྭ་མའི་ལུགས༎ ཞེས་གསུངས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་བསྟེན་པའམ་བཏུལ་ནས་རྨ་ཁར་སྐམ་འདེབ་བྱེད་དགོས།

6 བཟོ་དབྱིབས་དང་ཉར་ཐབས།

སྨན་འདི་ནི་རིལ་བུའི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།