སྟར་བུ་བཞི་པ།(1)སྔ་མའི་པར་གཞི་དེ བླ་མ་གཡང་སངས། ནས 2020-01-02 09:12ལ་འགྲུབ།
སྟར་ཁཎ30 རུ་རྟ15 མཛ་ཚྭ15 སྒ་སྐྱ15བཅས་སྦྱོར་དགོས།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་སྡེབ་ཅིག་ཡིན་ལ་དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་ན་ཡང་རུང་།
སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ཅུང་སྐྱུར་བ་དང་ལན་ཚ་ལྡན་པ། ནུས་པ་དྲོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། མོ་ནད་ཁྲག་ཚབས་ཆེ་ལ་ཕན། ཞེས་གསུངས་སོ༎
སྨན་འདི་ཐེངས་རེར་ཁེ1-2རེ་དང་ཉིན་རེར་ཐེངས2-3རེ་ནད་སྟོབས་དང་བསྟུན་ནས་གཏོང་དགོས།
སྨན་འདི་ནི་ཕྱེ་རིལ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་དུ་བླུགས་ནས་རླན་ལ་འཛེམ་དགོས།