དཔོན་ཀླད་དམར།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-08 11:27ལ་འགྲུབ།

དཔོན་ཀླད་དམར།

དཔོན་ཀླད་དམར།
འདིར་དཔོན་ཞིག་ལ་བསྟོད་པ་ཞིག་བྱས་པར་སླར་ཡང་སྨད་པ་ཞིག་བྱ་རོགས་ཞེས་བསྐུལ་བས་བཏགས་པ་བྱས་ཚུལ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ཀག་རྩོམ།
ཁྱད་ཆོས།
དཔེ་དོན་སྦྱར་བ།
1 ​འདོགས་རྐྱེན།

གནའ་སྔ་མོ་ཞིག་ལ།  ས་ཆ་ཞིག་ན་དཔོན་པོ་ཞིག་ཡོད། ཁོའི་མགོ་སྐྲ་བྱི་བས་མི་རྣམས་ཀྱིས་ཁོ་ལ་དཔོན་ཀླད་དམར་ཟེར། ཉིན་ཞིག་ལ་བུ་ཆུང་ཁ་བདེ་ཞིག་གིས་དཔོན་ཀླད་དམར་ལ་བཏགས་པ་བྱས་པ་གཤམ་ལྟར།

2 བསྟོད་པའི་བཏགས་པ།

མགོ་ཀླད་པའི་ཀླད་རིལ་གཙུག་ན། །  

དཔོན་གོ་ས་ཅན་གྱི་ཏོག་ཡོད། ། 

སྐེ་རིན་ཆེན་གཉའ་ཡི་ནང་ན། །  

གོས་ཚ་རུ་གྱོན་པའི་སྲོལ་ཡོད། ། 

ཅེས་བསྟོད་པ་ཞིག་བྱས་པར། དཔོན་ཀླད་དམར་གྱིས་བུ་ཆུང་ལ་ཁྱོད་ཀྱིས་ང་ལ་བསྟོད་པ་མ་གཏོགས་ངན་མཚང་ཞིག་བརྗོད་རྒྱུ་མེད་དམ་ཞེས་སྨྲས་པ་ན། བུ་ཆུང་ཁ་བདེ་ཡིས་དེ་མ་ཐག་ངོ་ལ་འཛུམ་ཞིག་ལངས་ཏེ་ཡང་བསྐྱར་བཏགས་པ་བྱས་པ་གཤམ་ལྟར།

3 སྨད་པའི་བཏགས་པ།   

མགོ་ཀླད་པའི་ཀླད་རིལ་གཞུག་ན།  །   

སྐྲ་རལ་བ་བཏོག་པའི་ཤུལ་ཡོད། ། 

སྐེ་རིན་ཆེན་གཉའ་ཡི་ནང་ན། །

གཉའ་རྐྱལ་བས་བཏང་བའི་གཅིན་ཡོད།  །

ཅེས་བཏགས་པར་དཔོན་ཀླད་དམར་གྱི་གདོང་མདོག་དར་ཅིག་ལ་དམར་པོར་གྱུར་ཏོ། །