སྤྱི་ལོ1079ས་ལུག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1079ས་ལུག་ལོ།

སྤྱི་ལོ1079ས་ལུག་ལོ།
སྤྱི་ལོ1079ས་ལུག་ལོ། ལོ་འདིར་འཁོན་དཀོན་མཆོག་རྒྱལ་པོས་བོད་ཀྱི་མ་ག་དྷ་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ཕྱག་བཏབ་པ་དང་མཉམ་མེད་དྭགས་པོ་ལྷ་རྗེ་སྐུ་འཁྲུངས་པ་བཅས་དོན་ཆེན་གཉིས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1079
བོད་ཡིག་གི་མིང་།
ས་ལུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1079ས་ལུག་ལོ། ལོ་འདིར་འཁོན་དཀོན་མཆོག་རྒྱལ་པོས་བོད་ཀྱི་མ་ག་དྷ་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ཕྱག་བཏབ་པ་དང་མཉམ་མེད་དྭགས་པོ་ལྷ་རྗེ་སྐུ་འཁྲུངས་པ་བཅས་དོན་ཆེན་གཉིས་བྱུང་བ་རེད། 

2 མི་སྣའི་མཛད་འཕྲིན། 

མཉམ་མེད་དྭགས་པ་ལྷ་རྗེ་ནི། ཡབ་སྙི་བ་རྒྱལ་པོ་དང་ཡུམ་དལ་བཟའ(ཤོ་ལོ་བཟའ་ཆེ་ལྕམ་ཡང་ཟེར)གཉིས་ཀྱི་སྲས་སུ་གཉལ་བུད་ཉིའི་བྱེ་བྲག་སེར་ལུང་དུ་སྐུ་འཁྲུངས། ཡབ་ཡུམ་འདི་གཉིས་ལ་སྲས་གསུམ་བྱུང་བས་འབྲིང་བ་དེ་ཡིན། མཚན་དུ་ཟླ་འོད་གཞོན་ནུ་དང་། སྒམ་པོ་བ་བློ་གྲོས་གྲགས་པ། བསོད་ནམས་རིན་ཆེན་སོགས་རྒྱ་གར་དང་། རྒྱ་ནག བལ་པོ་སོགས་ཀྱི་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་གསོ་བ་རིག་པའི་འགྲོ་དོན་རྒྱ་ཆེར་མཛད་པས་མཚན་དུ་དྭགས་པོ་ལྷ་རྗེ་ཞེས་ཐོགས། དེ་ནས་དྭགས་པོའི་སྨད་དུ་སྔོན་ནས་མང་ཡུལ་བློ་ལྡན་ཤེས་རབ་ཀྱི་དྲུང་ནས་བདེ་མཆོག་དང་རིན་ཆེན་རྒྱན་དྲུག་མ་ལ་སོགས་པའི་དབང་མང་དུ་གསན། ཁྱད་པར་དགེ་བཤེས་སྨྱུག་རུམ་པའི་སྤྱན་སྔར་ཟླ་བ་དགུ་ཙམ་བཞུགས་ཏེ་ལམ་རིམ་མན་ངག་མང་དུ་གསན་ནས་མཁས་པའི་རྩེ་མོར་སོན། ལྕགས་གླང(སྤྱི་ལོ1121)ལོར་དྭགས་ལྷ་སྒམ་པོ་ཕྱག་བཏབ་སྟེ་གདན་ས་བཟུང་། བཀའ་གོམ་པའི་ལམ་རིམ་དང་། རྗེ་བཙུན་མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་པ་རྣམས་གཅིག་ཏུ་དྲིལ་ནས་ལམ་རིམ་ཐར་རྒྱན་མཛད། དེ་ནས་བཟུང་བཀའ་ཕྱག་ཆུ་བོ་ཟུང་འགྲེལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མ་མང་དུ་སྤེལ། དྭགས་པོ་བཀའ་བརྒྱུད་ཅེས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེའི་སྲོལ་བཏོད། མཐར་ཆུ་བྱ(སྤྱི་ལོ1143)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།