ལྭ་བ་ཐེད་པོ།སྔ་མའི་པར་གཞི་དེ བསོད་ནམས་དབང་འགྲུབ།  ནས 2020-01-08 11:31ལ་འགྲུབ།

ལྭ་བ་ཐེད་པོ།

ལྭ་བ་ཐེད་པོ།
འདིར་སྔོན་སྒོ་ཕྱུགས་ལ་ར་མ་མང་པོ་ཡོད་པའི་རྒད་པོ་ཕྱུག་པོ་ཞིག་ཡོད་ལ། ཁོས་དབྱར་དགུན་སྟོན་དཔྱིད་མེད་པར་ལྷན་པ་དགུ་བརྩེགས་ཅན་གྱི་ལྭ་བ་ཞིག་གོན་ནས་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སྡོད་པ་ལ་སྦྱར་ནས་བཏགས་པ་བྱས་པ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ངག་རྩོམ།
ཁྱད་ཆོས།
དཔེ་དོན་སྦྱར་བ།
1 འདོགས་རྐྱེན།

སྔོན་སྒོ་ཕྱུགས་ལ་ར་མ་མང་པོ་ཡོད་པའི་རྒད་པོ་ཕྱུག་པོ་ཞིག་ཡོད་ལ།  ཁོས་དབྱར་དགུན་སྟོན་དཔྱིད་མེད་པར་ལྷན་པ་དགུ་བརྩེགས་ཅན་གྱི་ལྭ་བ་ཞིག་གོན་ནས་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་སྡོད་པ་ལ། མི་ཁ་བདེ་ཞིག་གིས་འདི་ལྟར་བཏགས་པ་བྱས།

2 བཏགས་པ་དངོས།

རི་འབབ་སའི་ལྷས་མ་ཉིན་རེད། ། 

ཕྱུགས་འཚོ་རྒྱུ་ར་མ་རེའུ་རེད། ། 

རྒྱུ་ཡོད་རུང་དེ་ཡིས་ཅི་བྱེད། ། 

ལྭ་ཐེད་ནོ་དེ་ལ་ལྟོས་དང་། །

ར་ཕོ་ར་མོ་ར་མང་ན། །

རོ་ཝོར་ར*བུད་ནས་ཅི་བྱེད། ། 

ཅེས་བཏགས་པའོ། །

3 ཐ་སྙད་གསེད་འགྲོལ།

*རོ་ཝོར་ར།  ལུས་གཅེར་བུར་བུད་པའི་དོན།