སྐར་ཆ་གསུམ་ཁུལ།སྔ་མའི་པར་གཞི་དེ མཁའ་འབུམ་བཀྲ་ཤིས།  ནས 2019-12-13 10:29ལ་འགྲུབ།

སྐར་ཆ་གསུམ་ཁུལ།

སྐར་ཆ་གསུམ་ཁུལ།
སྐར་ཆ་གསུམ་ཁུལ་ཞེས་པ་ནི་ཚུར་རྒོལ་མཁན་ཕྱོགས་ཀྱི་སྤོ་ལོ་བ་ཞིག་ཕན་ཡོད་ཕར་རྒོལ་གནས་ནས་དུས་འགྱངས་བྱེད་དྲགས་པ་ཚོད་འཛིན་བྱེད་ཆེད་རྟགས་རྒྱབ་པའི་ས་ཁུངས་ཤིག་ཡིན། ས་ཁོངས་དེ་གར་ཚུར་རྒོལ་བྱེད་མཁན་ཕྱོགས་ཀྱིས་སྤོ་ལོ་ཚོད་འཛིན་བྱེད་འགོ་བཙུགས་ཚེ་ཚུར་རྒོལ་བྱེད་མཁན་ཕྱོགས་ཀྱི་སྤོ་ལོ་བ་སུ་ཡིན་རུང་དུས་ཚོད་སྐར་ཆ3ལས་བརྒལ་མི་རུང་། དེ་འདྲ་མ་བྱས་ཚེ་འགོག་སྲུང་བྱེད་མཁན་ཕྱོགས་ལ་དྲང་གཞག་མིན་པས་ཕར་རྒོལ་ཕྱོགས་ཀྱི་བྱ་སྤྱོད་ལ་ཆད་པ་གཅོད་དགོས། བྱེ་བྲག་གི་ཆད་གཅོད་ནི་རྒོལ་འགོག་བརྗེ་རྒྱུ་དེ་ཡིན། སྐར་ཆ3ནང་ཚུན་དུ་ལུས་པའི་ཕར་རྒོལ་བྱེད་མཁན་ཕྱོགས་དུས་ཚོད་ལས་བརྒལ་ཚེ་ནོར་འཛོལ་ལྟར་ཐག་གཅོད་བྱེད་པ་ལས་སྒྲིག་འགལ་ལྟར་ཐག་གཅོད་མི་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三秒区
བཙུགས་དུས།
སྤྱི་ལོ1951ལོ།
དབྱིན་ཡིག་གི་མིང་།
3-SECOND LANE
མིང་གཞན།
ཚོད་འགོག་ཁུལ།
1 ​མིང་ཚིག་འགྲེལ་བཤད།

NBAཡི་སྐར་ཆ་གསུམ་ཁུལ་གྱི་རྒྱ་ཁྱོན་ནི་ཞེང་ཚད་ལ་སྨི4.88དང་འཕྲེད་ཚད་ལ་སྨི5.8ཡོད་པའི་གྲུ་བཞི་ནར་མོ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐར་ཆ་གསུམ་ཁུལ་དེNBAཡི་སྐར་ཆ་གསུམ་ཁུལ་དང་འདྲ་བར་ཚང་མ་ཚོན་མདོག་གིས་རྟགས་བརྒྱབ་ཡོད་པ་རེད།

2 བཙུགས་པའི་རྒྱུ་རྐྱེན།

སྐར་ཆ་གསུམ་ཁུལ་འདིའི་ནང་དུ། ཕར་རྒོལ་མཁན་ཕྱོགས་ཀྱི་སྤོ་ལོ་དེ་གཟེབ་ཏུ་འཇིག་པའི་གོ་སྐབས་རག་སླ་བ་ཡིན། འགོག་སྲུང་མཁན་ལ་མཚོན་ནས་བཤད་ན། ཁུལ་འདིའི་ནང་དུ་གལ་ཏེ་ཕར་རྒོལ་མཁན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་མེད་ཚེ། སྐར་གྲངས་ཚང་མ་ནང་ཁོངས་སྤོ་ལོ་མཁན་གྱི་སྟོབས་ཆེ་ཆུང་ལ་རག་ལས་པ་ཡིན། ཕྱོགས་གཞན་ཞིག་ནས་དབྱེ་ཞིབ་བྱས་ན། སྐར་ཆ་གསུམ་ནང་ཁུལ་གྱི་སྒྲིག་སྲོལ་གྱིས་ནང་ཁོངས་ཀྱི་ཕར་རྒོལ་སྤོ་ལོ་པའི་ཟིལ་ཤུགས་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་སྐར་གསུམ་ཐིག་གི་སྒྲིག་སྲོལ་ཏེ་ཕྱི་ཁོངས་ཀྱི་སྤོ་ལོ་མཁན་གྱི་ཐོབ་སྐར་ལེགས་ཆ་ཆེ་རུ་གཏོང་བའི་སྒྲིག་སྲོལ་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་ཚེ་གཞི་ནས་དེང་རབས་ཀྱི་ཕྱི་ནང་གི་ཚོར་སྣང་ཡོང་གིན་ཡོད།

3 ཐོག་མའི་སྐར་ཆ་གསུམ་ཁུལ།

ཐོག་མའི་སྐར་ཆ་གསུམ་ཁུལ་དང་ད་ལྟ་ཚང་མས་མཐོང་བ་གཉིས་གཏན་ནས་མི་འདྲ་སྟེ། ཐོག་མའི་སྐར་ཆ་གསུམ་གྱི་ཁུལ་ནི་དབྱིན་ཁྲེ་དྲུག(སྨི1.83ཡས་མས་ཡིན)ཡིན་ལ། སྤོ་ལོ་མཁན་གྱི་ངོས་ནས་བཤད་ན། ས་ཁོངས་འདིའི་མཐའ་ནས་གཟེབ་ནང་དུ་འཕེན་པ་ནི་ཧ་ཅང་ལས་སླ་མོ་ཞིག་རེད། འོན་ཀྱང་སྒྲིག་སྲོལ་འདི་ནིNBAཡི་སྤོ་ལོ་བ་ཡོད་ཚད་ལ་དམིགས་པ་ཡིན་པས་འདྲ་མཉམ་ཡིན།

དེ་སྔའི་དབྱིན་ཁྲེ6ཀྱི་སྐར་ཆ་གསུམ་ཁུལ་གྱིས་ཆའོ་ཀྲི་མའེ་ཁེན་ལ་འཇིགས་སྐུལ་མི་ཐུབ་པར་བརྟེན། སྤྱི་ལོ1951-སྤྱི་ལོ1952ལོའི་འགྲན་སྐབས་སུ། NBAམནའ་འབྲེལ་གྱིས་ཆའོ་ཀྲི་མའེ་ཁེན་ནང་ཁོངས་ཀྱི་དབང་སྒྱུར་ནུས་པ་ཚོད་འཛིན་བྱེད་ཆེད། སྐར་ཆ་གསུམ་ཁུལ་དེ་དབྱིན་ཁྲེ12(ཧ་ལམ་སྤྱི་ཁྲེ3.66ཡས་མས་ཡོད)ལ་རྒྱ་བསྐྱེད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། སྐར་ཆ་གསུམ་གྱི་ལམ་སྲོལ་གསར་པས་ཆའོ་ཀྲི་མའེ་ཁེན་གྱི་ཕར་རྒོལ་ནུས་པར་ཚོད་འཛིན་བྱས་པ་དང་དུས་མཚུངས་སུ་གདོང་ལེན་སྤོ་ལོ་མཁན་གཞན་དག་ལ་ཚོད་འཛིན་དེ་བས་ཆེ་བ་བཟོས་པ་དང་ཆབ་ཅིག་ཆའོ་ཀྲི·མའེ་ཁེན་གྱི་སྤོ་ལོའི་པང་ལེབ་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ནས་བདེ་བླག་ངང་སྤྱི་ལོ1952-སྤྱི་ལོ1953ལོའི་བར་བསྟུད་མར་པང་ལེབ་རྒྱལ་བོའི་མཚན་སྙན་ཐོབ་པ་རེད། 


བརྡ་འགྲེལ་གདོང་འཛར།

ལུས་རྩལ། སྤོ་ལོ།