འགག་སྒྲོལ་ཆེན་པོ་གསུམ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2019-12-12 10:45ལ་འགྲུབ།

འགག་སྒྲོལ་ཆེན་པོ་གསུམ།

འགག་སྒྲོལ་ཆེན་པོ་གསུམ།
འགག་སྒྲོལ་ཆེན་པོ་གསུམ་ནི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། གནད་འཕིགས་དབུལ་སྒྲོལ། འབགས་བཙོག་འགོག་བཅོས་བཅས་ལ་ཟེར་བ་དང་། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་རྒྱས་བཤད་གསར་པ་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三大攻坚战
བཏོན་པའི་དུས་ཚོད།
སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན།
ཡོང་ཁུངས།
ཚོགས་ཆེན་བཅུ་དགུའི་སྙན་ཞུ།
1 ​དངོས་སུ་བཏོན་པ།

ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་དོན། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། གནད་འཕིགས་དབུལ་སྒྲོལ། འབགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་བརྒྱབ་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་དགོས།

སྤྱི་ལོ2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་ཆེན་པོ་གསུམ་དམ་འཛིན་ཡག་པོ་བྱེད་དགོས། ཞིབ་ཕྲའི་བྱ་ཐབས་ཁག་བཏོན་ནས་དུས་ཚོད་རེའུ་མིག་དང་། ལམ་རིས། དམིགས་བཀར་གོ་རིམ་བཅས་བཏོན་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་ཚོད་འཛིན་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་སུ་གཏོང་རྒྱུའི་འགན་ལེན་བྱེད་དགོས”

2 ནང་དོན་གསལ་འགྲེལ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཆིང་ཧྭ་སློབ་ཆེན་ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཏའོ་ཁུའེ་ཡིས་སྤྱི་ལོ2018ལོར་ཀྲུང་གོར་འགག་སྒྲོལ་ཆེན་པོ་གསུམ་འཕྲད་སྐབས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཨང་དང་པོར་སླེབས་ཡོད། མིག་སྔར་ཀྲུང་གོའི་འབོར་ཆེན་གྱི་དངུལ་རྩའི་མ་རྩ་དེ་འཁོར་རྒྱུག་རང་བཞིན་ཧ་ཅང་ཆེ་བའི་གསོག་དངུལ་དང་དངུལ་སྨར་གྱི་རྣམ་པའི་ཐོག་ནས་གནས་པ་དང་། འབྱུང་འགྱུར་གྱི་ལོ་བཅུ་དང་ལོ་ཉི་ཤུའི་ནང་མ་དངུལ་ས་ཁོངས་སྒྲོལ་བའི་འཁོར་རྒྱུག་ཚང་མར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་ཅེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཝུའེ་མིན་གྱིས་དངུལ་རྩའི་ཉེན་ཁར་དོགས་ཟོན་བྱེད་པའི་གོམ་སྟབས་དང་པོས་དངོས་ཚན་དཔལ་འབྱོར་ཐད་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང“བེམ་རོ་ཁེ་ལས”མུ་མཐུད་གཙང་བཤེར་དང་ཐོན་ནུས་ལྷག་མ་སེལ་དགོས་ཞེས་གསུངས་པ་རེད།

ཀྲུང་དབྱང་ནོར་དཔལ་སློབ་ཆེན་དངུལ་རྩའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀུའོ་ཐེན་ཡུང་གིས་མིག་སྔར་དངུལ་རྩའི་ལས་རིགས་ཀྱི་ཉེན་ཁ་གཙོ་བོ་ནི“སྣེ་གཅིག་མཇུག་གཅིག”གི་ཆ་ཤས་གཉིས་སུ་གཅིག་སྡུད་བྱས་ཡོད། དེའི་ནང“མགོ་བོ”ནི་སྲིད་གཞུང་གི་བུ་ལོན་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང“མཇུག་མ”ནི་མི་སེར་དཀྱུས་མ་ཞིག་རེད། དཔེར་ན། མཉམ་སྦྲེལ་དྲ་རྒྱའི་དངུལ་རྩའི་སྒྲིག་གཞིས་མཉམ་སྦྲེལ་དྲ་རྒྱ་གྱི་མིང་གཡར་ནས་ཁྲིམས་འགལ་ངང་མ་དངུལ་རུབ་བསྡུས་བྱས་པ་དང་། སྤྱི་དམངས་ཀྱིས་མ་དངུལ་འཇོག་པའི་མ་དངུལ་མང་བས། དངུལ་རྩའི་ཉེན་ཁ་ཧ་ཅང་ཆེན་པོ་འབྱུང་སླ།

ཀྲུང་གོ་མི་དམངས་སློབ་ཆེན་ཀྲུང་གོ་དབུལ་སྐྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་སན་ཀུའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གནད་འཕིགས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། སྤྱི་ལོ2018ལོར་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི1000ཡན་ཉུང་དུ་བཏང་སྟེ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་མི་ཁྲི280ལྷག་ཙམ་ཟིན་ཡོད་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ཆེ་རུ་འགྲོ་བའི་གནས་ཚུལ་འོག་དབུལ་པོ་ཁྲི1000གི་ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་དེ་ལོ་གོང་མ་གཉིས་ཀྱི་རིན་ཐང་ལས་མཐོ་བ་ཡོད་པས་དམིགས་ཚད་དེ་ལེགས་སྒྲུབ་བྱེད་པར་དེ་བས་གནད་ལ་འཁེལ་བ་དང་དེ་བས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱོད་དགོས།

3 ཁ་གཏད་འཇལ་ཐབས།

སྤྱི་ལོ2018ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འགག་སྒྲོལ་ཆེན་པོ་གསུམ་སྡེར་འདོན་བྱ་རྒྱུ་སྟེ། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གནད་འཕིགས་དབུལ་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། འབགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་སྔར་ལས་ཆེ་བ་ཐོབ་ཡོད།

“ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ནོར་སྲིད་གཏོང་སྒོའི་སྤྱི་པའི་རང་བཞིན་དང་ཀུན་ཕན་རང་བཞིན་ཆེ་རུ་གཏོང་བ། འགག་སྒྲོལ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་། “ཞིང་གསུམ”དམངས་འཚོ་སོགས་ཁྱབ་ཁོངས་ལ་དེ་བས་གཟིགས་སྐྱོང་བྱེད་དགོས”།  

“འགག་སྒྲོལ་ཆེན་པོ་གསུམ་གྱི་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པར་ལོ་འཁོར་གྱི་འགག་སྒྲོལ་ལས་འགན་ལེགས་སྒྲུབ་བྱ་རྒྱུར་དམིགས་ནས་ཕྱོགས་ཁག་གི་འགན་འཁྲི་ཁ་གསལ་བཟོ་བ་དང་སྲིད་ཇུས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་ཆེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ཁྲིམས་འགལ་སྒྲིག་འགལ་ངང་བུ་ལོན་ལེན་པ་དང་ཁག་ཐེག་བྱེད་པ་སོགས་ཀྱི་བྱ་སྤྱོད་རིགས་གཏན་འགོག་བྱེད་དགོས་པ”ཞེས་བཏོན་པ་དང་ཆབས་ཅིག ས་གནས་སྲིད་གཞུང་ལ་ལུགས་མཐུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་མཁོ་འདོན་བྱས་ཡོད། སྤྱི་ལོ2018ལོར་ས་གནས་ཀྱི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི1.35བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ན་ནིང་ལས་སྒོར་དུང་ཕྱུར5500ཡིས་མང་དུ་གཏོང་རྒྱུ་དང་སྐྲུན་བཞིན་པའི་རྣམ་གྲངས་བརྟན་པོའི་ངང་འཛུགས་སྐྲུན་བྱ་རྒྱུར་སྔོན་ལ་རྒྱབ་སྐྱོར་བྱས་ནས་ཆེད་དོན་བུན་འཛིན་བེད་སྤྱོད་ཁྱབ་ཁོངས་ལུགས་མཐུན་ངང་ཆེ་རུ་གཏོང་དགོས།

སྤྱི་ལོ2018ལོར་དབྱང་གཉིས་ཟི་རྫས་དང་ཏན་དབྱང་འགྱུར་རྫས་འབུད་ཚད3%ཆག་པ་དང་། རྫས་འགྱུར་དབྱང་མཁོ་ཚད་དང་། ཨན་ཏན་འབུད་ཚད2%ཆག་རྒྱུ་རེད། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནགས་བཟོའི་རྒྱ་ཁྱོན་མུའུ་དུང་ཕྱུར1ཡན་ཟིན་པ་དང་རྨོ་ཞིང་འདེབས་འཇོག་རེས་མོས་ཀྱི་ཚོད་ལྟའི་རྒྱ་ཁྱོན་མུའུ་ཁྲི3000བར་མང་དུ་གཏོང་དགོས།