དམངས་འདུན་འཐུས་མི།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-13 09:48ལ་འགྲུབ།

དམངས་འདུན་འཐུས་མི།

དམངས་འདུན་འཐུས་མི།
དམངས་འདུན་འཐུས་མི་ནི་ཆེད་སྤྱོད་མིང་ཚིག་ཅིག་ཡིན་ཞིང་། ཡིག་ངོས་ཀྱི་ནང་དོན་ལྟར་འགྲེལ་བཤད་བྱས་ན། དམངས་འདུན་ནི་མི་མང་ཆེ་བའི་བསམ་ཚུལ་མཚོན་པ་ཡིན་ལ། མི་སྐོར་ཞིག་གི་བསམ་འཆར་ལ་ཕྱོགས་བསྡུས་ངང་སྣེ་ཁྲིད་བྱེད་པ་དང་གཅིག་མཚུངས་ཡིན། དེང་རབས་ཀྱི་འཐུས་མིའི་གྲོས་ཚོགས་ལམ་ལུགས་ཁྲོད། མི་དམངས་ཀྱིས་དམངས་འདུན་འཐུས་མི་འདེམས་བསྐོ་བྱེད་པར་བརྟེན་ནས་བརྒྱུད་པའི་སྒོ་ནས་དམངས་གཙོའི་དབང་ཆ་སྤྱོད་ཀྱི་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民意代表
འབྲེལ་ཡོད་ཀྱི་རྩ་འཛུགས།
ཀྲུང་གོའི་ན་གཞོན་ཏང་།
1 ​ངོ་སྤྲོད་མདོར་བསྡུས།

དམངས་འདུན་འཐུས་མི། ཡིག་ངོས་ཀྱི་ནང་དོན་ལྟར་འགྲེལ་བཤད་བྱས་ན།  དམངས་འདུན་ནི་མི་མང་ཆེ་བའི་བསམ་ཚུལ་མཚོན་པ་ཡིན་ལ། མི་སྐོར་ཞིག་གི་བསམ་འཆར་ལ་ཕྱོགས་བསྡུས་ངང་སྣེ་ཁྲིད་བྱེད་པ་དང་གཅིག་མཚུངས་ཡིན། དེང་རབས་ཀྱི་འཐུས་མིའི་གྲོས་ཚོགས་ལམ་ལུགས་ཁྲོད། མི་དམངས་ཀྱིས་དམངས་འདུན་འཐུས་མི་འདེམས་བསྐོ་བྱེད་པར་བརྟེན་ནས་བརྒྱུད་པའི་སྒོ་ནས་དམངས་གཙོའི་དབང་ཆ་སྤྱོད་ཀྱི་ཡོད། 

2 ཐའེ་ཝན་དམངས་འདུན་འཐུས་མི།

ལྷག་པར་དུ་ཐའེ་ཝན་གྱི“དམངས་འདུན་འཐུས་མི”དེ་སྤྱིར་ན་རིམ་པ་ཁག་གི་ཁྲིམས་འཛུགས་ལས་ཁུངས་ཀྱི་གྲོས་མི་དང་འཐུས་མིར་ཟེར་བ་དང་། ཁྲིམས་འཛུགས་ཨུ་ཡོན་དང་། རྫོང་དང་གྲོང་ཁྱེར་གྱི་གྲོས་མི། ཡུལ་ཚོ་དང་གྲོང་རྡལ། གྲོང་ཁྱེར་གྱི་འཐུས་མི་བཅས་ཚང་མ་དམངས་འདུན་འཐུས་མིའི་ཁོངས་སུ་གཏོགས།

“དམངས་འདུན་འཐུས་མི”ཡི་འདེམས་བསྐོ་དེའང་“ཀྲུང་དབྱང་དམངས་འདུན་འཐུས་མི”ཡི་འདེམས་བསྐོ(གཙོ་བོ“ཁྲིམས་འཛུགས་ཨུ་ཡོན”གྱི་འདེམས་བསྐོ་ལ་ཟེར)དང་། ས་གནས་ཀྱི“དམངས་འདུན་འཐུས་མི”ཡི་འདེམས་བསྐོ(གཙོ་བོ་གྲོང་ཁྱེར་དང་རྫོང་གི་གྲོས་མིའི་འདེམས་བསྐོ། ཡུལ་ཚོ་དང་། གྲོང་རྡལ། གྲོང་ཁྱེར་གྱི་འཐུས་མིའི་འདེམས་བསྐོ་ལ་ཟེར)གཉིས་སུ་དབྱེ་ཆོག

འདེམས་བསྐོ་བྱེད་ཐབས། ཐད་ཀར་འདེམས་བསྐོ་བྱེད་པའི་ཐབས་ལ་བརྟེན་ནས་ཆེས་གཞི་རིམ་གྱི་གྲོང་ཚོ་དང་། ལི་ཁྲང་། ཡུལ་ཚོ་དང་གྲོང་རྡལ(ཆུས)བཅས་ཀྱི་དམངས་འདུན་འཐུས་མི་འདེམས་བསྐོ་བྱེད་ཅིང་། ཞིང་ཆེན་གྱི་གྲོས་མི་དང་མཐོ་རིམ་གཞུང་དོན་པ་ལ་གཞན་བརྒྱུད་འདེམས་བསྐོ་བྱེད་ཐབས་ལ་བརྟེན་ནས་འདེམས་བསྐོ་བྱ་དགོས།

དཔྱད་གཞིའི་ཡིག་ཆ།