སྤྱི་ལོ1040པ་ལྕགས་འབྲུག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ1040པ་ལྕགས་འབྲུག་ལོ།

སྤྱི་ལོ1040པ་ལྕགས་འབྲུག་ལོ།
སྤྱི་ལོ1040པ་ལྕགས་འབྲུག་ལོ། ལོ་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཕགས་ཡུལ་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་ཕེབས་རྡོག་ཐོན་པ་དང་། རྗེ་མི་ལ་རས་པ་དང་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་གཉིས་སྐུ་འཁྲུངས་པ། ཞྭ་ལུ་དགོན་པ་བཏབ་པ་བཅས་བོད་ཀྱི་ལོ་རྒྱུས་སུ་རིག་གནས་ཐད་ཀྱི་དོན་ཆེན་གསུམ་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
1040
བོད་ཡིག་གི་མིང་།
ལྕགས་འབྲུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ1040པ་ལྕགས་འབྲུག་ལོ།  ལོ་འདིར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་འཕགས་ཡུལ་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ནས་ཕེབས་རྡོག་ཐོན་པ་དང་། རྗེ་མི་ལ་རས་པ་དང་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་གཉིས་སྐུ་འཁྲུངས་པ། ཞྭ་ལུ་དགོན་པ་བཏབ་པ་བཅས་བོད་ཀྱི་ལོ་རྒྱུས་སུ་རིག་གནས་ཐད་ཀྱི་དོན་ཆེན་གསུམ་བྱུང་བ་རེད།

2 མི་སྣའི་མཛད་འཕྲིན། 

རྗེ་ཙུན་མི་ལ་རས་པ། 

ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང་། ཡུམ་མྱང་ཚ་དཀར་རྒྱན་གཉིས་ཀྱི་སྲས་མི་ལ་རས་པ་གུང་ཐང་སྐྱ་རྔ་རྩ་རུ་སྐུ་བལྟམས། རིགས་རུས་ཁྱུང་པོ་དང་བོན་པོའི་གདུང་རྒྱུད་ཡིན། མཚན་དུ་ཐོས་པ་དགའ་ཞེས་གསོལ། སྐུ་ཆུང་ངུའི་དུས་ནས་ཡབ་དགོངས་པ་རྫོགས། དེ་རྗེས་ཨ་ཁུ་དང་ཨ་ནེས་མ་བུ་གཉིས་ལ་ཁ་ངན་སྡུག་རྩུབ་ཚད་མེད་བཏང་སྟབས་མི་ལ་རས་པས་གཉགས་གཡུང་སྟོན་ཁྲོ་རྒྱལ་དང་གནུབས་ཆུང་བླ་མ་སོགས་བླ་མ་མང་པོའི་ཞབས་ལ་གཏུགས་ནས་ངན་སྔགས་གཟེངས་སུ་ཐོན་པ་མཛད། ཨ་ཁུ་དང་ཨ་ནེ་སོགས་ལ་འཁོན་ལན་སློག དེ་རྗེས་ཐུགས་ལ་འགྱོད་པ་དྲག་པོ་སྐྱེས་ཏེ་ལྷོ་བྲག་མར་པའི་དྲུང་དུ་ཆོས་ཞུ་བར་ཕེབས། མར་པའི་བཀའ་བཀོད་ལྟར། སྡིག་བཤགས་ཀྱི་ཆེད་དུ་ལྷོ་བྲག་གསང་མཁར་དགུ་ཐོག་བརྩིགས། དཀའ་བ་དཔག་ཏུ་མེད་པ་སྤྱད། མར་པ་ལོ་ཙཱ་པའི་དྲུང་དུ་ལོ་དྲུག་ཟླ་བརྒྱད་ཙམ་བཞུགས་ཏེ་ཐར་དཀའ་གདམས་མན་ངན་གི་གདམས་པ་མང་ཙམ་ཐོབ། དེ་ནས་ལྷོ་བྲག་གཉའི་རི་ཁྲོད་དང་རྫོང་དགའི་འོད་ཟེར་ཕུག ར་མའི་ཕུ་ཟ་འོག་ཕུག་སོགས་ལ་ཡུན་རིང་མཚམས་སུ་བཞུགས། མདོར་ན་སྐུ་ཚེའི་ཧྲིལ་པོའི་ནང་དུས་ཚོད་མང་ཆེ་བ་འཇིག་རྟེན་མི་ཡུལ་གྱི་འཚོ་བ་ལས་བྲལ་ཏེ་སྒོམ་དང་ཉམས་ལེན་མཐར་ཕྱིན་མཛད། ཁྱད་པར་དུ་མུན་མཚམས་སུ་ཡུན་རིང་བཞུགས་ནས་དཀའ་བ་དཔག་ཏུ་མེད་པ་སྤྱད། སྙན་པའི་མཚན་བཟང་ཕྱོགས་ཡོངས་སུ་ཁྱབ། སྒྲུབ་བརྒྱུད་བསྟན་པའི་སྲོལ་བཏོད། མཐར་ཆུ་ཡོས(སྤྱི་ལོ1112)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

བ་རི་ལོ་ཙཱ་བ་རིན་ཆེན་གྲགས།

བ་རི་ལོ་ཙཱ་བའམ་བ་རི་རིན་ཆེན་གྲགས་ནི་སྟོད་མངའ་རིས་སུ་སྐུ་འཁྲུངས། སྐུ་ན་སོན་རྗེས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་བཀའ་བསྟན་གཞུང་ལུགས་མང་པོར་སྦྱང་པ་དཔྱིས་ཕྱིན་པ་མཛད་དེ་མཁས་པའི་རྩེ་མོར་སོན། རྗེ་འདི་ཉིད་ཀྱིས་ས་ཆེན་ཀུན་དགས་སྙིང་པོའི་བླ་མ་མཛད་པ་མ་ཟད། སྐུ་ན་མ་སོན་བར་གདན་ས་ལོ་བཅུ་བསྐྱངས། མཐར་ལྕགས་ཡོས(སྤྱི་ལོ1111)ལོར་དགོངས་པ་བདེ་བར་གཤེགས།