སྤྱི་ལོ993པ་ཆུ་སྦྲུལ་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ993པ་ཆུ་སྦྲུལ་ལོ།

སྤྱི་ལོ993པ་ཆུ་སྦྲུལ་ལོ།
སྤྱི་ལོ993པ་ཆུ་སྦྲུལ་ལོ། ལོ་འདིར་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་མང་མཁར་དུ་སྐུ་འཁྲུངས་པ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
993
བོད་ཡིག་གི་མིང་།
ཆུ་སྦྲུལ།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 དོན་ཆེན་གནད་བསྡུས། 

སྤྱི་ལོ993པ་ཆུ་སྦྲུལ་ལོ། ལོ་འདིར་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་མང་མཁར་དུ་སྐུ་འཁྲུངས་པ་རེད། 

2 མི་སྣའི་མཛད་འཕྲིན། 

འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནི་མང་མཁར་དུ་སྐུ་འཁྲུངས། མཁན་པོ་རྒྱ་ཤཱཀྱ་གཞོན་ནུ་དང་། སློབ་དཔོན་ཡེ་ཤེས་བརྩོན་འགྲུས་སེང་གེ གསང་སྟོན་ཉང་རྡོ་རྗེ་ལ་སོགས་ལས་རབ་ཏུ་བྱུང་། དེ་ནས་སྟག་ལོ་གཞོན་ནུ་བརྩོན་འགྲུས་དང་། ལེང་ཡེ་ཤེས་གཞོན་ནུ་སོགས་དང་ལྷན་དུ་རྒྱ་གར་འཕགས་པའི་ཡུལ་དུ་ལོ་ཙཱ་སྦྱང་བར་ཕེབས། བལ་ཡུལ་མཐིལ་དུ་ཕེབས་རྗེས་པཎ་ཆེན་ཞི་བ་བཟང་པོ་སོགས་ཀྱི་དྲུང་ནས་ཀྱཻ་རྡོར་དང་། བདེ་མཆོག འཇིག་བྱེད་སོགས་ཀྱི་དབང་ཞུས། གཞན་ཡང་སྒྲ་དང་། ཚད་མ། ཡིག་རྩིས་སོགས་རིག་གནས་ལ་སྦྱང་པ་དཔྱིས་ཕྱིན་པ་མཛད་དེ་ལོ་གཅིག་སོང་མཚམས་ལོ་ཙཱ་བའི་མཚན་ཐོབ། དེ་ནས་རྒྱ་གར་རྡོ་རྗེ་གདན་སོགས་སུ་ཕེབས་ཏེ་ལ་པཎ་མང་པོའི་ཞབས་ལ་གཏུགས་ཏེ་བཀའ་བསྟན་གཞུང་ལུགས་མང་པོ་གསན་པས་མཁས་པའི་རྩེ་མོར་སོན། མཐར་ཤིང་སྟག(སྤྱི་ལོ1074)ལོར་དགོངས་པ་བདེ་བར་གཤེགས།

3 ཞར་བྱུང་།

སྤྱི་ལོ996པ་མེ་སྤྲེལ་ལོ།

ལྷ་སྲས་སྲོང་ངེས་སྦྱིན་བདག་དང་སྐུལ་མ་མཛད་དེ་ལོ་ཆེན་རིན་ཆེན་བཟང་པོས་འདུལ་བའི་སྡེ་ཆེན་པོ་མཐོ་ལྡིང་གཙུག་ལག་ཁང་བཞེངས། མཐོ་ལྡིང་གཙུག་ལག་ཁང་ཆེན་བརྒྱ་རྩ་གཅིག་དུས་གཅིག་ཏུ་ཕྱག་བཏབ། དུས་གཅིག་ཏུ་རབ་གནས་མཛད། དེ་ནས་འདུས་སྡེ་བརྒྱ་རྩ་ལྷ་ཁང་དང་། གསེར་ཁང་། ལྷ་ཁང་དཀར་པོ། གནས་བཅུ་ལྷ་ཁང་། མ་ཎི་ཁང་སོགས་རིམ་བཞིན་རྒྱ་བསྐྱེད་མཛད།