དམངས་ཁྲོད་རིག་གནས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-13 10:39ལ་འགྲུབ།

དམངས་ཁྲོད་རིག་གནས།

དམངས་ཁྲོད་རིག་གནས།
དམངས་ཁྲོད་རིག་གནས(folkcultue)ནི་སྤྱི་ཚོགས་ཀྱི་འོག་རིམ་མང་ཚོགས་ཐུན་མོང་གིས་གསར་གཏོད་བྱས་པའི་རང་འཕེལ་དང་རང་སྐྱིད་ཀྱི་རིག་གནས་ཤིག་ལ་ཟེར། སྤྱི་ཚོགས་ཀྱི་རིམ་དབྱེ་ནས་བལྟས་ན། དམངས་ཁྲོད་ཀྱི་རིག་གནས་ནི་སྤྱི་ཚོགས་ཀྱི་འོག་རིམ་ནས་བྱུང་པ་མ་ཟད། མི་སེར་རང་གིས་གསར་སྐྲུན་བྱས་པ་ཞིག་ཡིན། སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་ཀྱི་ངལ་རྩོལ་མི་དམངས་ཀྱིས་གསར་གཏོད་བྱས་ཤིང་གནའ་དུས་ནས་ད་ལྟའི་བར་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཁྲོད་གནས་པའི་མང་ཚོགས་ཀྱི་སྤྱིར་བཏང་གི་རིག་གནས་ཤིག་ཡིན། དེ་ནི་རང་སྤྲོ་རང་སྐྱིད་ཅན་གྱི་རིག་གནས་ཤིག་ཡིན་ལ། མང་ཚོགས་ཀྱི་ཁྲོད་ནས་བྱུང་ཞིང་། དེའི་འཚོ་བའི་བྱེ་བྲག་གི་རྒྱབ་ལྗོངས་ནི་སྤྱིར་བཏང་དང་གསོན་ཤུགས་ལྡན་པའི་རྣམ་པ་ཞིག་ཡིན་པ་མ་ཟད། རང་འགུལ་ངང་གསར་གཏོད་བྱས་པའི་མང་ཚོགས་རང་བཞིན་གྱི་རོལ་རྩེད་དང་རིག་གནས་ཀྱི་རྣམ་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民间文化
མཚན་ཉིད།
འོག་རིམ་སྤྱི་ཚོགས་ཀྱི་མི་སེར་གྱིས་རང་འགུལ་ངང་གསར་གཏོད་བྱས་པ།
ཁྱད་ཆོས།
རང་སྤེལ་རང་བཞིན། རྒྱུན་འཛིན་རང་བཞིན། མ་ལག་རང་བཞིན།
རིག་གནས་རྒྱབ་ལྗོངས།
ཞིང་ལས་སྤྱི་ཚོགས་ཀྱི་འཚོ་བའི་རྒྱབ་ལྗོངས།
1 ​ཅི་ཞིག་ལ་དམངས་ཁྲོད་རིག་གནས་ཟེར།

དམངས་ཁྲོད་རིག་གནས་ནི་ཞིང་ལས་སྤྱི་ཚོགས་ཀྱི་འཚོ་བའི་རྒྱབ་ལྗོངས་དང་སྲོལ་རྒྱུན་གྱི་ཁྱད་ཆོས་རྒྱུན་འཛིན་བྱས་པ་ཅུང་མོད་པའི་རིག་གནས་ཤིག་ལ་ཟེར།

2 མཛེས་དཔྱོད་ཀྱི་ཁྱད་ཆོས།

དང་པོ། རང་འཕེལ་རང་བཞིན། དམངས་ཁྲོད་ཀྱི་རིག་གནས་བརྩམས་ཆོས་གསར་རྩོམ་བྱེད་པའི་བརྒྱུད་རིམ་ནས་བཤད་ན། རང་འཕེལ་རང་བཞིན་མཚོན་ཡོད་ལ། དེ་ཡང་གསར་རྩོམ་གྱི་གང་འདོད་དང་གང་སར་བརྩམས་ཆོག་པའི་ཁྱད་ཆོས་ཀྱི་སྟེང་ནས་མཚོན། བརྩམས་ཆོས་ཀྱི་རྩོམ་འབྲིའི་དམིགས་ཡུལ་ནས་བལྟས་ན། དམངས་ཁྲོད་ཀྱི་རིག་གནས་མང་ཆེ་བ་ནི་མིང་མེད་རུས་མེད་ཀྱི་མི་རྣམས་ཀྱིས་རང་གི་འཚོ་བའི་བརྒྱུད་རིམ་ཁྲོད་བརྩམས་པ་ཞིག་ཡིན་པས། རྒྱུན་དུ་རང་གིས་རང་ལ་རོལ་རྩེད་བྱེད་པ་དང་རང་གིས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཉི་མ་གཏོང་པའི་བག་ཕེབས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་གང་འདོད་དུ་བརྩམས་པ་ཞིག་ཡིན། དར་ཁྱབ་ཏུ་སོང་པའི་བརྒྱུད་རིམ་ཁྲོད། རང་གི་འདོད་པ་ལྟར་གང་བསམ་དེ་སྒྲུབ་བྱེད་པ་དང་། མི་རྣམས་ཀྱིས་དང་ལེན་བྱེད་མིན་དང་། བརྩམས་ཆོས་ཀྱི་ནང་དོན་ཆ་ཚང་མིན། ཡིད་འགུག་གི་ནུས་པ་ཡོད་མེད་སོགས་ལ་སེམས་ཁྲལ་བྱེད་མི་དགོས།

གཉིས་པ། རྒྱུན་འཛིན་རང་བཞིན། རྒྱུན་འཛིན་རང་བཞིན་ནི་ཐོག་མར་ལུས་ངག་གཉིས་ཀའི་སྟེང་ནས་བརྒྱུད་པར་མངོན་ལ། དེའི་རྗེས་སུ་ངག་ནས་ངག་ཏུ་བརྒྱུད་པར་མངོན། དམངས་ཁྲོད་ཀྱི་རིག་གནས་བརྩམས་ཆོས་ཁྱབ་སྤེལ་དང་དང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། “འཁྲབ་སྟོན”(facetoface)ནི་དེའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དཔེར་ན། དམངས་གླུ་དང་། ངག་རྒྱུན། གཏམ་དཔེ། ཟློས་གར་སོགས་དམངས་ཁྲོད་ཀྱི་རིག་གནས་བརྩམས་ཆོས་ཡོད་ཚད་དངོས་སུ་འཁྲབ་སྟོན་དང་། འགྲེམས་སྟོན་བྱས་པ་བརྒྱུད། སྒྱུ་རྩལ་གྱི་རྣམ་པ་དེ་དག་གྲོང་ཚོ་དང་། གྲོང་ཁྱེར། ཁྲོམ་ལམ། སྲང་ལམ། སྒོ་ཕྱི་ཁྱིམ་ཀུན་ཏུ་ཁྱབ་བརྡལ་དུ་སོང་ཡོད་པ་ལྟ་བུའོ།།།

དཔེར་བརྗོད། ལུའུ་ཡོའུ། 《གྲུ་ཆུང་གྲོང་ཚོའི་ཉེ་སར་ཕྱིན་དུས། གྲུ་བསྐྱུར་ནས་རྐང་ཐང་དུ་ཕྱིན 》ལྟ་བུའོ།།

གསུམ་པ། དམངས་ཁྲོད་ཅན་དང་མ་ལག་ཅན་དུ་འགྱུར་བ།

དཔེར་བརྗོད། ཧན་རྒྱལ་རབས་སྐབས་ཀྱི《ལམ་ལ་ཆས་ཡང་བསྐྱར་ལམ་ལ་ཆས》ལྟ་བུའོ།།

མཐོང་ཐོས་དྲན་རེག་གི་རྣམ་པས་མི་རིགས་རིག་གནས་ཀྱི་སྲོལ་རྒྱུན་གྱི་རྣམ་པ་ངེས་ཅན་ཞིག་རྒྱུན་འཛིན་བྱས་ཡོད་པ་དང་། རྒྱུན་དུ་དུས་ཡུན་རིང་པོའི་དམངས་ཁྲོད་རིག་གནས་དར་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བའི་མ་ལག་ཅན་གྱི་མཛེས་དཔྱོད་ཀྱི་རྣམ་པ་ཆགས་ཡོད།

དཔེར་བརྗོད། པེ་ཅིང་ཟློས་གར་གྱི་གདོང་འབག ཧྲན་ཤིས་ཀྱི་ཤོག་དྲས་འདྲ་གཟུགས་ལྟ་བུའོ།།

བཞི་པ། དངོས་སྤྱོད་རང་བཞིན་དང་རོལ་རྩེད་རང་བཞིན།

དཔེར་བརྗོད། ཁུན་མིང་གི་བྱིས་གླུ《ཆར་ལ་རེ་བའི་གླུ་ཆུང》ལྟ་བུའོ།།

དཔྱད་གཞིའི་ཡིག་ཆ།