མཚོ་སྔོན།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2019-12-30 19:03ལ་འགྲུབ།

མཚོ་སྔོན།

མཚོ་སྔོན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་ཟ་རེས་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ཕྱོགས་ཀྱི་སྤྱི་ལེ7ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措安湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་གཡུ་ཤུལ་ཤང་ཟ་རེས་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ཕྱོགས་ཀྱི་སྤྱི་ལེ7ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི3100
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ1000
ཁོངས་གཏོགས།
མཚོ།
1 ​ངོ་སྤྲོད།

མཚོ་སྔོན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་ཟ་རེས་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ཕྱོགས་ཀྱི་སྤྱི་ལེ7ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ1000ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3100ལྷག་ཙམ་ཡོད་པ་རེད། 

མཚོ་སྔོན་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་ཟ་རེས་གྲོང་ཚོའི་ཁོངས་གཏོགས་ཀྱི་གླིང་དྲུག་ལུང་པའི་ཕུ་ན་གནས་པ་དང་། མཚོ་མོ་དེ་དུས་རྒྱུན་དུ་མདོག་སྔོ་བས་མིང་ལའང་དེ་ལྟར་དུ་འབོད་པར་གྲགས། བཤད་རྒྱུན་ལ་མཚོ་དེའི་ནང་དུ་གླང་ཡོད་པ་དང་། ཐན་པ་བྱུང་སྐབས་དེའི་ནང་དུ་ཀླུ་སྨན་བཏབས་ན་ཆར་ཆུ་དུས་ལྟར་འབབ་པ་ཡིན་པར་སྐད།

བརྡ་འགྲེལ་གདོང་འཛར།

ཆུ་བོ། ཆུ་མིག ཆུ་ཕྲན། ས་ཆ། གངས་རི།