དར་སྣ་བླ་མཚོ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:32ལ་འགྲུབ།

དར་སྣ་བླ་མཚོ།

དར་སྣ་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་གླང་ཆུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
达纳拉湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་གཡུ་ཤུལ་ཤང་གླང་ཆུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི3100
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ200
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

དར་སྣ་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་གླང་ཆུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ200ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3100ལྷག་ཙམ་ཡོད་པ་རེད། 

དར་སྣ་བླ་མཚོ་ཞེས་པའི་མིང་གི་ཐོགས་ཚུལ་ནི། བཤད་སྲོལ་ལ་མཚོ་མོ་དེ་ནི་བྲག་སྣ་ཚང་གི་བླ་མཚོ་ཡིན་པ་དང་། གལ་སྲིད་ཆར་བ་དགོས་ན་དེའི་ནང་དུ་ཀླུ་སྨན་འདེབས་དགོས་པར་བཤད་པས། མཚོ་མོའིམིང་ལའང་དེ་ལྟར་དུ་འབོད་པར་གྲགས།


བརྡ་འགྲེལ་གདོང་འཛར།

བླ་མཚོ། ཆུ་མིག ཆུ་ཕྲན། ཆུ་བོ།