བདུད་མགོན་བླ་མཚོ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:30ལ་འགྲུབ།

བདུད་མགོན་བླ་མཚོ།

བདུད་མགོན་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་བལ་ཡུལ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ19ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
敦果拉湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང།
ཆགས་ཡུལ།
སྤོ་བོ་རྫོང་གི་གཡུ་ཤུལ་ཤང་བལ་ཡུལ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ19ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི3100
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ7
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

བདུད་མགོན་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་གཡུ་ཤུལ་ཤང་བལ་ཡུལ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ19ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ7ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི3100ལྷག་ཙམ་ཡོད་པ་རེད། 

བདུད་མགོན་བླ་མཚོ་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་བལ་ཡུལ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་ལུང་པ་ཞིག་གི་ཁོངས་སུ་གནས་པ་དང་། བཤད་རྒྱུན་ལ་དེ་ནི་གཞི་བདག་བདུད་པོ་མིག་གཅིག་གི་བླ་མཚོ་ཡིན་ཟེར་ཞིང་། ཚེས་བཟང་དུས་བཟང་སྐབས་སུ་བསང་གསོལ་བྱས་ན་མཚོའི་ནང་གི་གླང་གི་ངུར་སྒྲ་ཐོས་རྒྱུ་ཡོད་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།