སྲི་ཐང་མཚོ་སེར།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:27ལ་འགྲུབ།

སྲི་ཐང་མཚོ་སེར།

སྲི་ཐང་མཚོ་སེར་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་རྨུ་དགུ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯滩措色湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་རྡོ་རྗེ་ཤང་རྨུ་དགུ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2900
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ54
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

སྲི་ཐང་མཚོ་སེར་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་རྨུ་དགུ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ20ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ54ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2900ལྷག་ཙམ་ཡོད་པ་རེད། 

སྲི་ཐང་མཚོ་སེར་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་རྡོ་རྗེ་ཤང་རྨུ་དགུ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་སྲི་ཐང་གི་ཁོངས་སུ་གནས་པ་དང་། མཚོ་དེ་ནི་ཁ་རྒྱ་དེ་ཙམ་མི་ཆེ་ནའང་། མཚོ་མདོག་ནག་ལ་ཁོར་ཡུག་ཀུན་ཏུ་སུ་དཀར་དང་། སུ་ནག སྟག་མ་སོགས་ཤིང་རིགས་མང་པོ་སྐྱེས་ཡོད་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།


བརྡ་འགྲེལ་གདོང་འཛར།

ཆུ་བོ། ཆུ་ཕྲན། ཆུ་མིག གཙང་པོ།