མཚོ་གཏོར་མ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:26ལ་འགྲུབ།

མཚོ་གཏོར་མ།

མཚོ་གཏོར་མ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措堆玛
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2900
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ10
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

མཚོ་གཏོར་མ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་ཇོ་ལམ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ90ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2900ལྷག་ཙམ་ཡོད་པ་རེད། 

མཚོ་གཏོར་མ་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་མཚོ་དཀར་གྱི་ཁོངས་སུ་གཏོགས་པ་དང་། མིང་གཞན་ལ་ཇོ་ལམ་མཚོ་གཏོར་མ་རུའང་འབོད། མཚོ་མོ་དེ་ནི་གཏོར་གཟུགས་ཀྱི་དབྱིབས་ཅན་དུ་ཆགས་ཡོད་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།


བརྡ་འགྲེལ་གདོང་འཛར།

ཆུ་བོ། ཆུ་ཕྲན། ཆུ་མིག གཙང་པོ།