ཞེ་ལུང་མཚོ་སྔོན།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2019-12-30 19:03ལ་འགྲུབ།

ཞེ་ལུང་མཚོ་སྔོན།

ཞེ་ལུང་མཚོ་སྔོན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་མདའ་རྟ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ80ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西隆措温湖
སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་རྡོ་རྗེ་ཤང་མདའ་རྟ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ80ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2800
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ6
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

ཞེ་ལུང་མཚོ་སྔོན་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་རྡོ་རྗེ་ཤང་མདའ་རྟ་སྲིད་འཛིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ80ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ6ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2800ལྷག་ཙམ་ཡོད་པ་རེད། 

ཞེ་ལུང་མཚོ་སྔོན་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་མདའ་རྟ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་ཞེ་ལུང་ལུང་པའི་ཁོངས་སུ་གནས་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས། མཚོ་མོ་དེའི་ཁར་རྟ་ལམ་དཀྱུས་མ་ཞིག་ཡོད་པ་དང་། བཤད་རྒྱུན་ལ་མཚོའི་ནང་ཆོས་འཁོར་སོགས་ཀྱི་མཚོ་ཞལ་མཇལ་རྒྱུ་ཡོད་ཟེར།

བརྡ་འགྲེལ་གདོང་འཛར།

མཚོ། མཚེའུ། ཆུ་མིག ཆུ་བོ། རི་ཆུ།