དཔའ་རྒྱས་བླ་མཚོ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-03 14:21ལ་འགྲུབ།

དཔའ་རྒྱས་བླ་མཚོ།

དཔའ་རྒྱས་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁང་ཡུལ་ཤང་སྟག་ཆུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ5ལྷག་ཙམ་གྱི་སར་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

སྲིད་འཛིན་ཁོངས་གཏོགས།
བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་།
ཆགས་ཡུལ།
སྤོ་བོ་རྫོང་གི་ཁང་ཡུལ་ཤང་སྟག་ཆུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ5ལྷག་ཙམ་གྱི་སར་ཡོད་པ་རེད།
མཚོ་འཕགས།
སྨི2700
མཚོ་ངོས་ཀྱི་རྒྱ་ཁྱོན།
མུའུ6
ཁོངས་གཏོགས།
མཚོ།
1 ངོ་སྤྲོད།

དཔའ་རྒྱས་བླ་མཚོ་ཞེས་པ་ནི་བོད་ལྗོངས་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁོངས་སུ་ཡོད་པའི་མཚོ་མོ་ཞིག་ཡིན་པ་དང་། མཚོ་མོ་དེ་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་ཁང་ཡུལ་ཤང་སྟག་ཆུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ5ལྷག་ཙམ་གྱི་སར་ཡོད་པ་རེད། མཚོ་མོ་དེའི་མཚོ་ངོས་ཀྱི་རྒྱ་ཁྱོན་ལ་མུའུ6ལྷག་ཙམ་ཡོད་པ་རེད། མཚོ་མོ་དེ་གནས་སའི་ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི2700ལྷག་ཙམ་ཡོད་པ་རེད། 

དཔའ་རྒྱས་བླ་མཚོ་ཞེས་པའི་མིང་གི་ཐོགས་ཚུལ་ནི། མཚོ་མོ་དེ་ནི་སྟག་ཆུ་སྲིད་འཛིན་གྲོང་ཚོའི་ཁོངས་གཏོགས་ཀྱི་དཔའ་རྒྱས་རི་བོའི་ཁོངས་སུ་གནས་པ་ཡིན་པར་བརྟེན། མིང་ལའང་དེ་ལྟར་དུ་འབོད་པར་གྲགས།