སྤྱི་ལོ821པ་ལྕགས་གླང་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-09 10:36ལ་འགྲུབ།

སྤྱི་ལོ821པ་ལྕགས་གླང་ལོ།

སྤྱི་ལོ821པ་ལྕགས་གླང་ལོ།
ལོ་འདིར། བོད་ཀྱི་ཕོ་ཉ་དྲང་ཨན་དུ་བསྐྱོད་དེ་རྒྱ་བོད་མཛའ་མཐུན་མཉམ་གནས་ཡོང་བའི་བཀའ་གྲོས་ལེགས་པར་མཛད། རྒྱ་ཡི་མངའ་འོག་རྨེ་རུ་མན་ཆད་དུ་བོད་ཀྱིས་དམག་མི་འདྲེན་པ་དང་། དེའི་ཡན་ཆད་དུ་ཐང་གིས་དམག་མི་འདྲེན་པའི་ཁས་ལེན་བྱས། ས་ས་མལ། རྡོ་རྡོ་མལ་དུ་གནས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་ཁྲིམས་མཛད། དཀོན་མཆོག་གསུམ་དང་། ཉི་ཟླ་སྐར་གསུམ། ལྷ་ཀླུ་གཉན་གསུམ་དཔང་དུ་བཙུགས་ཏེ་མནའ་སྐྱེལ་དམ་བཅའ་བཞག དྲང་ཨན་གྱི་ནུབ་ངོས་སུ་རྒྱ་བོད་མནའ་མཐུན་གྱི་རྡོ་རིང་བཙུགས།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
821
བོད་ཡིག་གི་མིང་།
ལྕགས་གླང་།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཁག
1 ​དོན་ཆེན་གནད་བསྡུས། 

སྤྱི་ལོ821པ་ལྕགས་གླང་ལོ། ལོ་འདིར་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་། བློན་ཆེན་བྲན་ཁ་དཔལ་གྱི་ཡོན་ཏན་གྱི་བཀའ་བཞིན། བོད་ཀྱི་ཕོ་ཉ་རྣམས་ཐང་གི་རྒྱལ་ས་དྲང་ཨན་དུ་བསྐྱོད། ཐང་གོང་མ་ཆེན་པོར་བཙན་པོའི་བཀའ་བཞིན་རྒྱ་བོད་མི་རིགས་དབར་མཛའ་མཐུན་མཉམ་གནས་ཡུན་རིང་ཡོང་བའི་བཀའ་གྲོས་ལེགས་པར་མཛད། 

2 མནའ་མཐུན་རྡོ་རིང་བཙུགས་པ། 

དེ་ནས་རྒྱ་ཡི་མངའ་འོག་རྨེ་རུ་མན་ཆད་དུ་བོད་ཀྱིས་དམག་མི་འདྲེན་པ་དང་། དེའི་ཡན་ཆད་དུ་ཐང་གིས་དམག་མི་འདྲེན་པའི་ཁས་ལེན་བྱས། ས་ས་མལ། རྡོ་རྡོ་མལ་དུ་གནས། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་ཁྲིམས་མཛད། དཀོན་མཆོག་གསུམ་དང་། ཉི་ཟླ་སྐར་གསུམ། ལྷ་ཀླུ་གཉན་གསུམ་དཔང་དུ་བཙུགས་ཏེ་མནའ་སྐྱེལ་དམ་བཅའ་བཞག དྲང་ཨན་གྱི་ནུབ་ངོས་སུ་རྒྱ་བོད་མནའ་མཐུན་གྱི་རྡོ་རིང་བཙུགས།