སྤྱི་ལོ791པ་ལྕགས་ལུགསྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ791པ་ལྕགས་ལུག

མཁན་ཆེན་བོ་དྷི་ས་ཏྭ་ཐུགས་དགྱེས་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་གདན་དྲངས་ཏེ་བོད་དུ་རབ་བྱུང་བའི་སྡེ་བཙུགས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྣེ་ཁྲིད་དེ་གསང་སྔགས་རྒྱུད་སྡེ་རྣམས་བསྒྱུར་བ་བཅས་དོན་ཆེན་གཉིས་བྱུང་།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
791
བོད་ཡིག་གི་མིང་།
ལྕགས་ལུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 དོན་ཆེན་གནད་བསྡུས། 

མཁན་ཆེན་བོ་དྷི་ས་ཏྭ་ཐུགས་དགྱེས་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་བཏང་གདན་དྲངས་ཏེ་བོད་དུ་རབ་བྱུང་བའི་སྡེ་བཙུགས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྣེ་ཁྲིད་དེ་གསང་སྔགས་རྒྱུད་སྡེ་རྣམས་བསྒྱུར་བ་བཅས་དོན་ཆེན་གཉིས་བྱུང་།

2 རྒྱས་པར་བཀྲལ་བ། 

1.  མཁན་ཆེན་བོ་དྷི་ས་ཏྭ་ཐུགས་དགྱེས་ནས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དགེ་སློང་བཅུ་གཉིས་རྒྱ་གར་འཕགས་པའི་ཡུལ་ནས་བོད་དུ་གདན་དྲངས་ཏེ་བོད་དུ་རབ་བྱུང་བའི་སྡེ་བཙུགས། བཙན་པོའི་བཀའ་བཞིན་རྒྱལ་བུས་རྒྱལ་ས་མ་བཟུང་བ་དབང་། ལྷ་གཅིག་ཁབ་ཏུ་མ་བཞེས་པ། འབངས་རལ་བ་ཅན་བཞི་བརྒྱ་དུས་གཅིག་ཏུ་རབ་ཏུ་བྱུང་། བཙུན་མོ་མཁར་ཆེན་བཟའ་བཙན་མོ་དང་། བྱང་ཆུབ་བཟའ་བཙན་མོ་གཉིས་ཀྱིས་ཀྱང་རབ་བྱུང་སྡོམ་པ་བླངས།

2.  སློབ་དཔོན་པདྨ་འབྱུང་གནས་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། བྲང་ཏི་ཛ་ཡ་རཀྴི་ཏ། ལྕེ་ཀུ་ཀུ་རཱ་ཛ་ལ་སོགས་པས་མཛད་དེ་གསང་སྔགས་རྒྱུད་སྡེ་རྣམས་བསྒྱུར།