སྤྱི་ལོ787པ་མེ་ཡོས་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-17 10:07ལ་འགྲུབ།

སྤྱི་ལོ787པ་མེ་ཡོས་ལོ།

སྤྱི་ལོ787པ་མེ་ཡོས་ལོ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ཤིང་ཡོས775ལོར་རྨང་གཞི་བཏིང་ནས་ལོ་འདིར་ཡོངས་སུ་ལེགས་འགྲུབ་བྱུང་། བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཐོག་མ་བྱུང་། སད་མི་བདུན་རབ་ཏུ་བྱུང་བ་བཅས་བོད་ཀྱི་རིག་གནས་ཐད་ཀྱི་དོན་ཆེན་གཉིས་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
787
བོད་ཡིག་གི་མིང་།
མེ་ཡོས།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ལོ་རྒྱུས་ཆོས་འབྱུང་།
1 ​དོན་ཆེན་གནད་བསྡུས། 

སྤྱི་ལོ787པ་མེ་ཡོས་ལོ།  བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ཤིང་ཡོས775ལོར་རྨང་གཞི་བཏིང་ནས་ལོ་འདིར་ཡོངས་སུ་ལེགས་འགྲུབ་བྱུང་།  བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཐོག་མ་བྱུང་། སད་མི་བདུན་རབ་ཏུ་བྱུང་བ་བཅས་བོད་ཀྱི་རིག་གནས་ཐད་ཀྱི་དོན་ཆེན་གཉིས་བྱུང་བ་རེད། 

2 བསམ་ཡས་གཙུག་ལག་ཁང་གི་བཀོད་པ་དང་སད་མི་བདུན་བྱུང་བ། 

བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ཤིང་ཡོས775ལོར་རྨང་གཞི་བཏིང་ནས་ཡོངས་སུ་ལེགས་འགྲུབ་བྱུང་། གཙུག་ལག་ཁང་གི་དབུས་སུ་རིའི་རྒྱལ་པོ་རི་རབ་དཔེ་བླངས་ཏེ་དབུ་རྩེ་ལྷ་ཁང་ཆེན་མོ་བཞེངས། སྟེང་གི་གཡས་གཡོན་དུ་ཉི་མ་ལྷ་ཁང་དང་། ཟླ་བ་ལྷ་ཁང་བཞེངས། གླིང་བཞི་གླིང་ཕྲན་བརྒྱད་མཚོན་པའི་ཆེད་དུ་ཕྱོགས་བཞི་མཚམས་བརྒྱད་དུ་ལྷ་ཁང་བཅུ་གཉིས་བཞེངས། ཕྱོགས་བཞིར་མཆོད་རྟེན་བཞི་དང་ལྕགས་རིའི་སྟེང་དུ་མཆོད་རྟེན་ཆུང་ངུ་བརྒྱ་དང་བཅུ་མེད་བརྒྱད་བཞེངས། སྒོ་བཞིར་རྡོ་རིང་བཞི་བཙུགས། འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་ཐོག་མ་དེ་ཡིན། དུས་དེར་བོད་མི་རབ་ཏུ་བྱུང་བའི་སྲོལ་དར། སྦ་གསལ་སྣང་དང་། དབས་ཁྲི་བཞེར། སང་ཤི་ཏ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། འཁོན་ཀླུའི་དབང་པོ་བསྲུངས་པ། རྨ་རིན་ཆེན་མཆོག་བཅས་སད་མི་བདུན་བྱུང་།