སྤྱི་ལོ755པ་ཤིང་ལུག་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-17 10:08ལ་འགྲུབ།

སྤྱི་ལོ755པ་ཤིང་ལུག་ལོ།

སྤྱི་ལོ755པ་ཤིང་ལུག་ལོ། ལོ་འདིར་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་བཀྲོངས་པ་དང་ཐང་རྒྱལ་རབས་ལ་ཨན་ཧྲེ་དུས་ཟིང་ལངས་ནས་ཉམས་རྒུད་དུ་འགྲོ་མགོ་བརྩམས་པ། བོད་ཀྱི་དམག་དཔུང་གིས་རྒྱའི་ཞིང་ཆེན་པོ་བཞི་སླར་ཡང་བཟུང་བ་བཅས་ཆབ་སྲིད་དམག་དོན་ཐད་ཀྱི་དོན་ཆེན་གསུམ་བྱུང་།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
755
བོད་ཡིག་གི་མིང་།
ཤིང་ལུག
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ལོ་རྒྱུས།
1 ​དོན་ཆེན་གནད་བསྡུས། 

སྤྱི་ལོ755པ་ཤིང་ལུག་ལོ། ལོ་འདིར་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་བཀྲོངས་པ་དང་ཐང་རྒྱལ་རབས་ལ་ཨན་ཧྲེ་དུས་ཟིང་ལངས་ནས་ཉམས་རྒུད་དུ་འགྲོ་མགོ་བརྩམས་པ། བོད་ཀྱི་དམག་དཔུང་གིས་རྒྱའི་ཞིང་ཆེན་པོ་བཞི་སླར་ཡང་བཟུང་བ་བཅས་ཆབ་སྲིད་དམག་དོན་ཐད་ཀྱི་དོན་ཆེན་གསུམ་བྱུང་།

2 བརྡ་ཆད་བཀྲལ་བ།

“ཨན་ཧྲེ་དུས་ཟིང”ཞེས་པ་ནི་ཐང་གི་དཔོན་རིགས་ཨན་ལུའུ་ཧྲན་དང་། དམག་དཔོན་ཆེན་པོ་ཧྲེ་སི་མིང་གཉིས་ཀྱི་གོང་མ་ཐང་ཤོའན་ཙུང་ལ་ངོ་རྒོལ་བྱས་པའི་དུས་ཟིང་ཞིག་རེད། དུས་དེར་གོང་མ་ཐང་ཤོའན་ཙུང་ནི་ཆབ་སྲིད་དང་འཚོ་བའི་ཐད་རུལ་སུངས་ཀྱི་གནས་སུ་གྱུར། བློན་ཆེན་རླའི་ལིན་ཧྥུ་དང་། བཙུན་མོ་ཡཱང་སུ་ཧྥའི་ཡི་གཅེན་པོ་ཡཱང་གོ་ཀྲུང་གིས་སྲིད་དབང་ཁ་ལོ་བསྒྱུར། ཨན་ལུའུ་ཧྲན་དང་ཧྲེ་སི་མིང་གིས་སྔ་རྗེས་སུ་དམག་མི་ཁྲི་བཅོ་ལྔ་ཙམ་ཁྲིད་དེ་གོང་མར་ངོ་རྒོལ་བྱས། ཁོ་པ་གཉིས་ཀྱང་སྤྲང་པོ་ཟས་ལ་མི་འཆམ་ཟེར་བའི་དཔེ་ལྟར་ཕན་ཚུན་སྲིད་དབང་འཕྲོག་རེས་བྱས། དེ་ནས་བཟུང་ཐང་རྒྱལ་རབས་ཉམས་རྒུད་ཀྱི་གནས་སུ་ལྷུང་། དུས་དེར་བོད་ཀྱི་དམག་དཔུང་གིས་ཡན་ཇི་སོགས་ཤིན་ཅང་ས་ཁུལ་གྱི་ཞིང་ཆེན་པོ་བཞི་སླར་ཡང་ཚུར་བླངས། བོད་དམག་འབུམ་ཕྲག་ཙམ་གྱིས་ཐང་གི་གྲོང་སྡེ་མང་པོར་དཔུང་འཇུག་བྱས་པ་བཅས་སོ།།