སྤྱི་ལོ641པ་ལྕགས་གླང་ལོ།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-05-08 14:16ལ་འགྲུབ།

སྤྱི་ལོ641པ་ལྕགས་གླང་ལོ།

སྤྱི་ལོ641པ་ལྕགས་གླང་ལོ། ལོ་འདིར་རྒྱ་བཟའ་ཀོང་ཇོས་བོད་དུ་ཆིབས་ཁ་བསྒྱུར་བ་དང་ལྡན་གཙུག་ལག་ཁང་གི་རྨང་བཏིང་བ། ཁྲ་འབྲུག་དགོན་པ་བཞེངས་པ་བཅས་དོན་ཆེན་གསུམ་བྱུང་བ་རེད།
གཞི་རྩའི་གནས་ཚུལ།

སྤྱི་ལོ།
641
བོད་ཡིག་གི་མིང་།
ལྕགས་གླང་།
རིགས།
དོན་ཆེན་གནད་བསྡུས།
ཡིག་ཆའི་ཁུངས།
བོད་ཀྱི་ཆོས་འབྱུང་ཁག
1 དོན་ཆེན་གནད་བསྡུས། 

སྤྱི་ལོ641པ་ལྕགས་གླང་ལོ། ལོ་འདིར་རྒྱ་བཟའ་ཀོང་ཇོས་བོད་དུ་ཆིབས་ཁ་བསྒྱུར་བ་དང་ལྡན་གཙུག་ལག་ཁང་གི་རྨང་བཏིང་བ། ཁྲ་འབྲུག་དགོན་པ་བཞེངས་པ་བཅས་དོན་ཆེན་གསུམ་བྱུང་བ་རེད། 

2 རྒྱས་པར་བཀྲལ་བ།

1. ཐང་ཐས་ཙུང་གི་ཚ་མོ་རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨོ་དྲང་ཨན་ནས་ཆིབས་ཁ་བསྒྱུར། དེ་ཡིས་ཞལ་ཏ་མཛེས་མ་བཅུ་དྲུག་ཁྲིད། དར་གོས་ཀྱི་མནའ་བཟའ་བཀླུབས། རིན་ཆེན་སྣ་ཚོགས་ཀྱིས་མཛེས་པའི་རྒྱན་སྤྲས། སྐལ་རྫོངས་སུ་ཕན་བདེའི་འབྱུང་གནས་ཇོ་བོ་ཤཱཀྱ་མུ་ནེ་དང་། གསེར་གཡུ་བརྩེགས་པའི་གཙུག་ལག་སུམ་བརྒྱ། བཟོ་ཡི་རིག་བྱེད་པ་དྲུག་ཅུ། བརྟག་དཔྱད་ཐབས་བརྒྱད། དཔྱད་ལྔ་སྦྱོང་དྲུག སྦྱོར་བདེ་བཞི་སོགས་སྨན་དཔྱད་མཐའ་ཡས་པ། བསུ་མི་བོད་ཀྱི་རྟ་པ་བརྒྱ། རྒྱ་བཟའ་ཀོང་ཇོ་དྲེལ་དཀར་པོ་ཞིག་ཏུ་བཅིབས་ཏེ་དར་རྒྱལ་མང་པོ་རྗེས་སྣ་ཁྲིད་དེ་བོད་དུ་ཕེབས།

2.ལྷ་ལྡན་གཙུག་ལག་ཁང་གི་རྨང་བཏིང་།

3.ཁྲ་འབྲུག་དགོན་པའམ་ཁྲ་འབྲུག་བྱམས་པ་མི་འགྱུར་ལྷ་ཁང་བཞེངས། ཆོས་རྒྱལ་སྲོང་བཙན་པོ་དང་རྒྱ་བཟའ་ཀོང་ཇོ་ཡང་དེར་ཡུན་རིང་བཞུགས་ཟེར། ད་ལྟའང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཀོང་ཇོའི་བཞུགས་གནས་ལྷ་ཁང་ཞིག་དངོས་སུ་མཇལ་རྒྱུ་ཡོད།

4.རྒྱ་བཟའ་ཀོང་ཇོ་མཚོ་ཡི་པདྨོ་ཡིས་གཙོ་གཉེར་གནང་ནས་རྒྱ་བོད་བལ་གསུམ་གྱི་ཤིང་རྡོ་ལག་རྩལ་མི་སྣ་མང་པོ་བསྐངས་ཏེ་ར་མོ་ཆེའི་གཙུག་ལག་ཁང་ཕྱག་བཏབ། གཙུག་ལག་ཁང་གི་ལྟེ་བར་ཇོ་བོ་ཤཱཀྱ་མུ་ནེ་དང་འཁོར་ཉེ་བའི་སྲས་ཆེན་བརྒྱད་སོགས་བཞེངས། དེ་ནས་ལོ་ཤས་སོང་རྗེས་ཕྱི་ནང་གི་རྐྱེན་མང་པོའི་དབང་གིས་ཇོ་བོ་ཤཱཀྱང་མུ་ནེ་ལྷ་སའི་གཙུག་ལག་ཁང་དུ་གདན་དྲངས། ར་མོ་ཆེ་གཙུག་ལག་ཁང་དུ་བལ་བཟའི་རྟེན་སྐལ་ཇོ་བོ་མི་བསྐྱོད་རྡོ་རྗེ་བཞུགས་སུ་གསོལ། གཙུག་ལག་ཁང་འདིའི་ཕྱིའི་དབྱིབས་ཀྱང་རྒྱ་ནག་གི་ལུགས་ལྟར་བཞེངས་ཏེ་ཡང་ཐོག་ཏུ་གཡུ་རྩིའི་རྒྱ་ཕིབས་རྣམ་པར་བཀྲ་བ་རྒྱ་སྟག་གནམ་ལ་མཆོང་བ་འདྲ་བས་རྒྱ་སྟག་ར་མོ་ཆེ་ཞེས་འབོད། རྒྱལ་མཆོག་ལྔ་པ་ཆེན་པོས་སྐུ་དུས་སུ་གསེར་ཟངས་ཀྱི་རྒྱ་ཕིབས་སུ་བསྒྱུར་བ་རེད་དོ།།