ལག་རྩལ།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-12-10 11:07ལ་འགྲུབ།

ལག་རྩལ།

དངོས་པོ་གང་ཞིག་བཟོ་སྐྲུན་བྱེད་པ་བཀོལ་སྤྱོད་ཀྱི་ཐབས་སམ་ནུས་པ་ཁྱད་པར་བའི་མིང་།
1 ལོ་ཙཱ།

རྒྱ་ཡིག 手艺,技术

དབྱིན་ཡིག skill in crafts, technology

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རྒྱུ་རྫས་སྐྲུན་བྱེད་ཀྱི་ཐབས་སམ་ནུས་པའི་མིང་སྟེ། བཟོ་ལས་ཀྱི་ལག་རྩལ་སྦྱང་། ཞིང་ལས་ཀྱི་ལག་རྩལ་བསླབས་ལྟ་བུ། ②ནུས་རྩལ་ཁྱད་པར་བའི་མིང་སྟེ། སྨན་དཔྱད་ཀྱི་ལག་རྩལ། ཕོ་ལོང་རྒྱག་པའི་ལག་རྩལ་ཞེས་པ་ལྟ་བུ། ③ལག་པའི་ཤེད་ཤུགས་ཀྱི་མིང་སྟེ། ལག་རྩལ་ཆེ་ལྟ་བུ།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ལག་པའི་ནུས་རྩལ། 手艺,技术:སྦྱངས་སྟོབས་ཀྱིས་ལག་རྩལ་ཐོན་པ། 勤练出手艺。བུད་མེད་ལག་རྩལ་མཁས་ན་ཡང༌། འབྲུ་མེད་ཟ་མ་བཟོ་མི་ཐུབ། 巧妇难为无米之炊。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①དངོས་པོ་གང་ཞིག་བཟོ་སྐྲུན་བྱེད་པ་བཀོལ་སྤྱོད་ཀྱི་ཐབས་སམ་ནུས་པ་ཁྱད་པར་བའི་མིང་། དཔེར་ན། འཕྲུལ་རིགས་བཟོ་སྐྲུན་གྱི་ལག་རྩལ་ལ་བྱང་ཆུབ་པའི་མི་ལྟ་བུ། ②ལག་པའི་ཤེད་ཤུགས་ཀྱི་མིང་། དཔེར་ན། ལག་རྩལ་ཆེ་བའི་དཔུང་ཁག་ཅིག་ས་གཞན་ལ་འགྲན་བསྡུར་དུ་སོང་ཞེས་པ་ལྟ་བུ།