ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བ།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2019-12-09 16:53ལ་འགྲུབ།

ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བ།

ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བ།
རང་རྒྱལ་གྱི་ཕྱི་ཕྱོགས་དམག་དོན་ཐད་ཀྱི་ལངས་ཕྱོགས་ནི་སྤྱི་ལོ1997ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གྲོས་འཆམ་བྱུང་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》ཁྲོད་གཏན་འབེབས་བྱས་པ་ལྟར། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བའི་ཁྲོད་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་རྒྱ་སྐྱེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་རྒྱུ་ཡིན”ཞེས་གསལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
对外军事关系
མཚན་ཉིད།
རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམག་དོན་དང་འབྲེལ་བ་ཡོད་པའི་ལས་འགུལ།
སྒྲ་གདངས།
duìwàijǖnshìguānxī
རང་རྒྱལ་གྱི་གཏན་འབེབས།
ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་རྒྱ་སྐྱེད་ཀྱི་བྱ་སྤྱོད་ལ་ངོ་རྒོལ།
1 ནང་དོན་གནད་བསྡུས།

ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་དམག་དོན་དང་འབྲེལ་བ་ཡོད་པའི་ལས་འགུལ་དང་། ལྷག་པར་དུ་བདག་དབང་ཡོད་པའི་རྒྱལ་ཁབ་བར་གྱི་དམག་དོན་དང་འབྲེལ་བ་ཡོད་པའི་ལས་འགུལ་ལ་ཟེར། དེའི་ཁྲོད་དུ་རྒྱལ་སྤྱིའི་རྩོད་གཞི་དང་། དམག་ཤུགས་ཚོད་འཛིན། འབྲེལ་ཡོད་ཆིངས་ཡིག་དང་ཆོད་ཡིག་འཇོག་པར་ཞུགས་པའམ་དང་ལེན་བྱེད་པ་སོགས་ཚུད་ཡོད།

དུས་མཚུངས་སུ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱ་རྒྱུ་དང་། ཕན་ཚུན་ལ་བཙན་འཛུལ་མི་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། འདྲ་མཉམ་གཉིས་ཕན། ཞི་བདེ་མཉམ་གནས་བཅས་ཀྱི་རྩ་དོན་ལྔ་མཐའ་འཁྱོངས་བྱས་ཏེ་རང་བཙན་རང་བདག་གིས་ཕྱི་ཕྱོགས་དམག་དོན་གྱི་འབྲེལ་བ་ཐག་གཅོད་བྱ་རྒྱུ་དང་། དམག་དོན་སྤེལ་རེས་དང་མཉམ་ལས་བྱ་རྒྱུ། ”གཏན་འབེབས་བྱས།

གཞན་ཡང“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་སྲུང་སྐྱོབ་བྱེད་པར་ཕན་པའི་དམག་དོན་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྤེལ་པར་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་རྩོད་གཞི་དང་། དམག་ཆས་ཚོད་འཛིན། དམག་མི་ཉུང་འཕྲི་བཅས་དྲང་གཞག་དང་ལུགས་མཐུན་གྱི་སྒོ་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན”ཞེས་པ་དང་།

“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་དམག་དོན་ཐད་ཀྱི་འབྲེལ་བའི་ཁྲོད་ཕྱི་རྒྱལ་དང་འབྲེལ་ཡོད་ཆིངས་ཡིག་དང་ཆོད་ཡིག་འཇོག་པའམ་དེར་ཞུགས་པ་དང་དང་ལེན་བྱེད་པར་བརྩི་སྲུང་བྱེད་དགོས”ཞེས་པ་ལྟ་བུའོ།།


དཔྱད་གཞིའི་ཡིག་ཆ།