ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-01-03 17:58ལ་འགྲུབ།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།

ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།
སྤྱི་ལོ1949ལོའི་ཟླ9པར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཐང་འཐབ་དམག་དཔུང་དང་པོ་དང་ཀན་སུའུ་ཞིང་ཆེན་གྱི་དམག་དོན་དོ་དམ་ཚོགས་པ་གཉིས་ཀྱིས་ནུབ་བྱང་གི་ལྟེ་གནས་ལན་གྲུ་རུ་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་བསྡུས། ཟླ11པར་འཛིན་གྲྭ་དེ་རྒྱ་ཆེ་རུ་བཏང་སྟེ་བོད་རིགས་སློབ་གྲྭ་བཙུགས། སྤྱི་ལོ1950ལོའི་ཟླ1པོར་ནུབ་བྱང་མི་དམངས་གསར་བརྗེ་སློབ་ཆེན་ལན་གྲུའི་ཡན་ལག་སློབ་གྲྭའི་ཁག་གསུམ་པ་ཞེས་པར་མིང་བརྗེས་ཤིང་། སྤྱི་ལོ1951ལོར་རྒྱའི་སྐད་ཡིག་སྡེ་ཁག་དང་ཆབ་སྲིད་སྡེ་ཁག་བཙུགས། སྤྱི་ལོ1979ལོར་ཤེས་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ཆོག་མཆན་ཐོབ། སྤྱི་ལོ1993ལོའི་ཟླ8པར་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་དེ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་སོག་པོའི་སྐད་ཡིག་རྩོམ་རིག་སྡེ་ཁག་གཉིས་སུ་བགོས། སྤྱི་ལོ2003ལོའི་ལོ་མཇུག་ཏུ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་མིང་བརྗེས་ནས་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་བསྒྱུར་ཏེ་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་མགོ་བརྩམས། 2009ལོར་འབུམ་རམས་ཕྱི་ཚར་གྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西北民族大学藏语言文化学院
བོད་ཡིག་གི་མིང་།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་།
བཙུགས་དུས།
སྤྱི་ལོ2003ལོ།
ངོ་བོ།
ཕྱོགས་བསྡུས་སློབ་ཆེན་གྱི་སློབ་གླིང་།
གླིང་གཙོ།
འབའ་སྟོད་པདྨ་དབང་རྒྱལ།
ཧྲུའུ་ཅི།
མཱ་ཞུའེ་ཧྥིན།
1 ​ལོ་རྒྱུས་མདོར་བསྡུས། 

སྤྱི་ལོ1949ལོའི་ཟླ9པར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཐང་འཐབ་དམག་དཔུང་དང་པོ་དང་ཀན་སུའུ་ཞིང་ཆེན་གྱི་དམག་དོན་དོ་དམ་ཚོགས་པ་གཉིས་ཀྱིས་ནུབ་བྱང་གི་ལྟེ་གནས་ལན་གྲུ་རུ་བོད་རིགས་གནད་དོན་ཞིབ་འཇུག་འཛིན་གྲྭ་བསྡུས། ཟླ11པར་འཛིན་གྲྭ་དེ་རྒྱ་ཆེ་རུ་བཏང་སྟེ་བོད་རིགས་སློབ་གྲྭ་བཙུགས། སྤྱི་ལོ1950ལོའི་ཟླ1པོར་ནུབ་བྱང་མི་དམངས་གསར་བརྗེ་སློབ་ཆེན་ལན་གྲུའི་ཡན་ལག་སློབ་གྲྭའི་ཁག་གསུམ་པ་ཞེས་པར་མིང་བརྗེས་ཤིང་། སྤྱི་ལོ1951ལོར་རྒྱའི་སྐད་ཡིག་སྡེ་ཁག་དང་ཆབ་སྲིད་སྡེ་ཁག་བཙུགས། སྤྱི་ལོ1979ལོར་ཤེས་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ཆོག་མཆན་ཐོབ། སྤྱི་ལོ1993ལོའི་ཟླ8པར་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་དེ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་དང་སོག་པོའི་སྐད་ཡིག་རྩོམ་རིག་སྡེ་ཁག་གཉིས་སུ་བགོས། སྤྱི་ལོ2003ལོའི་ལོ་མཇུག་ཏུ་བོད་ཀྱི་སྐད་ཡིག་རྩོམ་རིག་སྡེ་ཁག་གི་མིང་བརྗེས་ནས་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་བསྒྱུར་ཏེ་འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་མགོ་བརྩམས། 2009ལོར་འབུམ་རམས་ཕྱི་ཚར་གྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་བཙུགས།

2 མཁས་དབང་ཆེད་ཚོགས། 

བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་བཙུགས་ནས་ལོ་ངོ་བདུན་ཅུའི་རིང་ལ།  ཏང་གི་སློབ་གསོའི་བྱེད་ཕྱོགས་དང་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་ཞིང་།  “མི་རིགས་ཤེས་ལྡན་གསོ་སྐྱོང་བྱས་ཏེ།  མི་རིགས་རིག་གནས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ”བའི་རྩ་དོན་རྒྱུན་བསྐྱངས་ཤིང་།  དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བ་ནས་བཟུང་། མཁས་དབང་ཚེ་ཏན་ཞབས་དྲུང་དང་། ཝང་དབྱི་ནོན། ངག་དབང་ཆོས་དར། ཏོན་ཁེ་ཞིན།  བསྟན་པ་རྒྱ་མཚོ། དཀོན་མཆོག་ཚེ་བརྟན། དོར་ཞི་གདོང་དྲུག་སྙེམས་བློ།དཔའ་རིས་སངས་རྒྱས། དཔའ་མཁར་སོགས་ཀྱིས་གཙོས་པའི་མཁས་དབང་སྐོར་ཞིག་བྱོན་ཐོགནུབ་རྒྱུད་ས་ཁུལ་གྱི་དཀའ་སྡུག་གི་ཁོར་ཡུག་ཁྲོད་མི་རིགས་ཀྱི་སློབ་ཆེན་སློབ་གསོའི་བགྲོད་ལམ་འཚོལ་རྟོག་བགྱིས་ཤིང་།  ཐོག་མའི་བསམ་འདུན་སྙིང་ལ་བཅངས་ཏེ་དཀའ་སྤྱད་ཁུར་བཟོད་དང་འབད་བརྩོན་ལྷོད་མེད་གནང་བར་བརྟེན།  ཀྲུང་གོའི་སྐད་ཡིག་རྩོམ་རིག་གི་རིག་ཚན་འཛུགས་སྐྲུན་དང་། བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཆེད་ལས་གོང་འཕེལ་དུ་གཏོང་བར་རྨང་གཞི་བརྟན་པོ་བཞག

3 གཟི་བརྗིད་མཚན་སྙན།

སྤྱི་ལོ1999ལོ་ནས་ད་ལྟའི་བར་དུ།  ཀྲུང་གོའི་གྲངས་ཉུང་མི་རིགས་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ལ་སྔ་ཕྱིར་ཐེངས་གསུམ་དུ་ཀན་སུའུ་ཞིང་ཆེན་རིམ་པའི་རིག་ཚན་གཙོ་གནད་ཀྱི་མཚན་སྙན་ཐོབ་ཅིང་། སྤྱི་ལོ2008ལོར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས་སུ་གཏན་ཁེལ་གནང་། སློབ་གླིང་འདིར་སློབ་གསོ་པུའུ་ཡི་གཙོ་གནད་འཛུགས་སྐྲུན་ཁྲོད་ཚུད་པའི་སྤུས་ལེགས་བསླབ་ཚན་གཅིག་《བོད་ཀྱི་དམངས་ཁྲོད་རྩོམ་རིག》དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་རུ་ཁག་གཅིག སློབ་གྲྭ་རིམ་པའི་སློབ་ཁྲིད་རུ་ཁག་གཉིས།གཞན་ཡང་ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན་བརྒྱད། སློབ་གྲྭ་རིམ་པའི་སྤུས་ལེགས་བསླབ་ཚན་བཞི། སློབ་གྲྭ་རིམ་པའི་བརྙན་གཟུགས་ཐོན་ཁུངས་མཉམ་སྤྱོད་ཀྱི་སློབ་ཁྲིད་གཅིག་བཅས་ཡོད།

4 ཆེད་ལས་སྒྲིག་ཚུལ། 

རིག་ཚན་ཆེད་ལས་ཀྱི་ཕྱོགས་ནས། ཀྲུང་གོའི་སྐད་ཡིག་རྩོམ་རིག་གི་ཁོངས་སུ་གཏོགས་པའི་ཀྲུང་གོའི་བོད་ཀྱི་སྐད་ཡིག་རྩོམ་རིག(དགེ་ཐོན་དང་བོད་ཀྱི་སྐད་ཡིག་གི་དངོས་གཞིའི་ཁ་ཕྱོགས་གཉིས་འདུ)དང་། རྒྱའི་སྐད་ཡིག(བོད་རྒྱ་ལོ་ཙཱ ) ཞེས་པའི་དངོས་གཞིའི་ཆེད་ལས་གཉིས། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩོམ་རིག(བོད་འབར་སྐད་རིགས  ) ཅེས་པའི་རབ་འབྱམས་པ་དང་འབུམ་རམས་པའི་ཆེད་ལས་རེ་ཡོད་པར་མ་ཟད།   འབུམ་རམས་ཕྱི་ཚར་གསོ་སྐྱོང་རྟེན་གཞི་གཅིག་དང་། ནུབ་བྱང་བོད་རིག་པ་ཞིབ་འཇུག་ཁང་། ཁྲིད་དཔྱོད་ཁང་དྲུག་བཅས་ཡོད་ལ། བསླབ་གནས་གསོ་སྐྱོང་གི་རིམ་པ་གསུམ་པོ་ཆ་ཚང་དུ་གྲུབ་འདུག

5 དགེ་རྒན་དཔུང་སྡེ། 

སློབ་གླིང་ལ་མིག་སྔར་ཆེད་ལས་དགེ་རྒན41ཡོད་ཅིང་།

(གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན6དང་། མི་རིགས་ཆ་འཕྲིན་ཞིབ་འཇུག་གླིང་གི་དགེ་རྒན3  བོད་ཡིག་གསུང་རབ་རྩིས་འཕྲུལ་ཞིབ་འཇུག་ཁང་གི་དགེ་རྒན3  རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གི་དགེ་རྒན2བཅས་འདུས) དེའི་ཁྲོད་དགེ་རྒན་ཆེན་མོའི་ཐོབ་ཐབ་ཅན་མི19དང་། དགེ་རྒན་ཆེན་མོ་གཞོན་པ15  འཆད་ཁྲིད་པའི་དགེ་རྒན8ཡོད་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གསབ་དངུལ་ལོངས་སུ་སྤྱོད་མཁན་མི2ཡོད། རྒྱལ་ཁབ་ཀྱི་བརྒྱ་སྟོང་ཁྲི་འཇོན་མིའི་རྣམ་གྲངས་སུ་ཚུད་པའི་དགེ་རྒན1དང་། འབུམ་རམས་པའི་བསླབ་གནས་ཅན་མི25  ཀན་སུའུ་ཞིང་ཆེན་གྱི་དུས་རབས་ལས་བརྒལ་བའི་རིག་གཞུང་སྣེ་ཁྲིད་མཁན3 འབུམ་རམས་པའི་མཛུབ་སྟོན་དགེ་རྒན6 ཤེས་རམས་པའི་མཛུབ་སྟོན་དགེ་རྒན18  ཞིང་ཆེན་རིམ་པའི་དཔེ་ཁྲིད་དགེ་རྒན་གྲགས་ཅན1བཅས་ཡོད།

6 རིག་གཞུང་ཞིབ་འཇུག་དང་མི་སྣ་གསོ་སྐྱོང་། 

སྤྱི་ལོ2019ལོར་སློབ་གླིང་ལ་ཁྱོན་སྡོམ་སློབ་མ1213ཡོད་ལ། དེའི་ཁྲོད་དངོས་གཞི་སློབ་མ1070དང་། འབུམ་རམས་ཞིབ་འཇུག་སློབ་མ21   ཤེས་རམས་ཞིབ་འཇུག་སློབ་མ122ཡོད་པ་རྣམས་ཡོང་ཁུངས་ལྗོངས་ཞིང་ལྔ་བོར་ཁྱབ་ཅིང་། བོད་རིགས་གཙོས་མི་རིགས15ཡིས་གྲུབ།  ད་ལྟའི་བར་དུ་སློབ་གླིང་གིས་སྤྱི་ཚོགས་ཀྱི་ལས་རིགས་མི་འདྲ་བར་སློབ་མ8000ལྷག་བསྐྱེད་བསྲིང་བྱས་ཤིང་། དེ་དག་ལས་མང་ཤོས་ཤིག་མི་རིགས་ས་ཁུལ་དུ་ལས་ཀར་ཞུགས་ནས་ས་ཁུལ་དེ་དང་དེའི་དཔལ་འབྱོར་འཕེལ་རྒྱས་དང་། ཆབ་སྲིད་བརྟན་བརླིང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཆར་བྱས་རྗེས་བཞག་དང་འཇོག་མུས་སུ་མཆིས།

ལོ་འདི་དག་ལ། སློབ་གླིང་གི་དགེ་རྒན་རྣམས་ཀྱིས་སྤྱི་ཚོགས་ཚན་རིག་གི་ལས་གཞི་འདྲ་མིན30ལྷག་གི་འགན་བཞེས་པའི་ཁྲོད།  རྒྱལ་ཁབ་རིམ་པའི16དང་།  ཞིང་ཆེན་རིམ་པའི13མཆིས་ཤིང་། རིག་གཞུང་ཆེད་དེབ་སྣ་ཚོགས་སུ་དཔྱད་རྩོམ300ལྷག་སྤེལ་ཞིང་། བསླབ་དེབ20ལྷག་དཔེ་སྐྲུན་བྱས།

7 མདུན་བསྐྱོད་དམིགས་འབེན། 

དུས་རབས་གསར་བའི་ནང་།  བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག  སློབ་སྒྲུབ་ཀྱི་རིམ་པ་མུ་མཐུད་དུ་གོང་སྤེལ་དང་། སློབ་ཁྲིད་ཀྱི་སྤུས་ཀ་མཐོར་འདེགས་ལ་འབད་འབུངས་གནང་སྟེ།  རིག་ཚན་འཛུགས་སྐྲུན་གྱི་གནད་མ་དོར་བར་དགེ་རྒན་གྱི་དཔུང་སྡེ་རྒྱ་བསྐྱེད་པར་ཤུགས་སྣོན་པ་སོགས། མདོར་ན།  ནུབ་བྱང་ས་ཁུལ་དུ་རྐང་བཙུགས་ཏེ་མི་རིགས་ས་ཁུལ་ཡོངས་ལ་ཁ་ཕྱོགས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་གནང་རྒྱུའོ༎