གྲངས་འཛིན་སློབ་སྦྱོང་།སྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-12-09 17:31ལ་འགྲུབ།

གྲངས་འཛིན་སློབ་སྦྱོང་།

གྲངས་འཛིན་སློབ་སྦྱོང་།
གྲངས་འཛིན་སློབ་སྦྱོང(དབྱིན་ཡིགe-Learning)ནི་ཆ་འཕྲིན་ལག་རྩལ་གྱི་ཡོ་བྱད་སྣ་ཚོགས་བརྒྱུད་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ཐབས་ལ་ཟེར། ཆ་འཕྲིན་དང་འཕྲིན་གཏོང་མ་ལག དྲ་སྦྲེལ་ཡོད་མེད་གང་ཡིན་རུང་། སློབ་སྦྱོང་གི་གོ་རིམ་ཁྲོད་བཀོལ་བའི་དམིགས་བསལ་གྱི་སྨྱན་གཟུགས་ཡིན་པས། མི་དང་ཐད་ཀར་འབྲེལ་འདྲིས་བྱེད་ཐབས་མེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数码学习
ཕྱི་ཡིག་གི་མིང་།
e-Learning
གསར་གཏོད་མཁན།
Jay Cross
རྒྱུད་ཁོངས།
ཆ་འཕྲིན་དང་འཕྲིན་གཏོང་རྒྱུད་ཁོངས།
1 ​ངོ་སྤྲོད།

གྲངས་འཛིན་སློབ་སྦྱོང་། (དབྱིན་ཡིགe-Learning)ནི་ཆ་འཕྲིན་ལག་རྩལ་གྱི་ཡོ་བྱད་སྣ་ཚོགས་བརྒྱུད་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ཐབས་ལ་ཟེར། ཆ་འཕྲིན་དང་འཕྲིན་གཏོང་མ་ལག  དྲ་སྦྲེལ་ཡོད་མེད་གང་ཡིན་རུང་། སློབ་སྦྱོང་གི་གོ་རིམ་ཁྲོད་བཀོལ་བའི་དམིགས་བསལ་གྱི་སྨྱན་གཟུགས་ཡིན་པས། མི་དང་ཐད་ཀར་འབྲེལ་འདྲིས་བྱེད་ཐབས་མེད། སྒྲིག་ཆས་དང་སློབ་ཚན་ཐད་རྒྱུན་མཐུད་ངང་ཡར་ཐོན་བྱུང་ནའང་། མ་གཞི་དེ་སྔར་བཞིན་རྒྱུན་དུ་ཚན་རྩལ་སྤྱད་དེ་སློབ་ཁང་ཕྱི་དང་སློབ་ཁང་ནང་གི་སློབ་གསོའི་ཉམས་མྱོང་དུ་དྲངས་ཡོད། ཀུང་སིའི་ཁྱབ་ཁོངས་ནས་བཤད་ན། ཨ་མེ་རི་ཁ་ནི་རིགས་རྒྱུད་མི་འདྲ་བའི་ཚན་རྩལ་ལ་བརྟེན་ནས་རྒྱང་རིང་བའི་སློབ་ཚན་འདོན་སྤྲོད་བྱེད་པ་དེ་ཡིན། སློབ་ཆེན་དུ་སློབ་ཁྲིད་བྱེད་སྟངས་ཤིག་ལ་ཟེར་ཞིང་། སློབ་མ་སློབ་གྲྭར་འབྱོར་རྒྱུ་ཧ་ཅང་ཉུང་ཉུང་རེད།

གྲངས་འཛིན་སློབ་སྦྱོང་ནི་གཞི་རྩའི་ཐོག་གློག་ཀླད་དང་དྲ་རྒྱའི་སྤོ་བསྒྱུར་ནུས་རྩལ་དང་ཤེས་བྱ་བེད་སྤྱོད་བྱ་རྒྱུ་དེ་ཡིན། གྲངས་འཛིན་སློབ་སྦྱོང་གི་ཉེར་སྤྱོད་དང་བརྒྱུད་རིམ། དེའི་ནང་ཝེ་ཁྲི་དྲ་བའི་སློབ་སྦྱོང་དང་། རྩིས་འཁོར་གྱི་སློབ་སྦྱོང་། སློབ་ཁང་གི་གོ་སྐབས། གྲངས་འཛིན་ཅན་གྱི་མཉམ་ལས་བཅས་ཚུད་ཡོད། སློབ་དེབ་ཀྱི་ནང་དོན་བརྒྱུད་སྤྲོད་བྱེད་པ་ནི་དྲ་སྦྲེལ་དང་ཁེ་ལས་ནང་ཁུལ་གྱི་དྲ་རྒྱ/ཁེ་ལས་ཀྱི་ཕྱིའི་དྲ་རྒྱ་དང་། སྒྲ་ཟློས་སམ་བརྙན་ལམ་སྒྲ་ཐག་དང་། བརྙན་འཕྲིན། བརྙན་འཕྲིན་སོགས་བརྒྱུད་ཡོད། རང་འགུལ་ངང་མྱུར་ཚད་གཏན་འཁེལ་བྱེད་ཆོག་པའམ་ཡང་ན་འཆད་ཁྲིད་དགེ་རྒན་གྱིས་གཙོ་ཁྲིད་བྱེད་པ་དང་། སྨྱན་སྦྱོར་གྱི་རྣམ་པའི་ནང་ཡི་གེ་དང་། བརྙན་རིས། འགུལ་རིས། བརྙན་དབྱངས་བཅས་ཚུད་ཡོད།

2 ཚོང་ར།

ཚོད་དཔག་བྱས་པ་ལྟར་ན། གོ་ལ་ཧྲིལ་པོའི་གྲངས་འཛིན་སློབ་སྦྱོང་ཁྲོམ་རའི་སྤྱིའི་ཡོང་སྒོར་ཧ་ལམ་དུང་ཕྱུར380ལས་བརྒལ་ཡོད། དྲ་སྦྲེལ་དང་དེ་བཞིན་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་གྲངས་འཛིན་སློབ་སྦྱོང་གི་གཞི་རྩའི་སྐུལ་འདེད་ལག་ཆ་ཞིག་ཏུ་གྱུར་ཡོད། བློ་འདྲི་དང་། སློབ་དེབ། ཚན་རྩལ། ཞབས་ཞུ། རྒྱབ་སྐྱོར་བཅས་ནི་གྲངས་འཛིན་སློབ་སྦྱོང་ཐོན་ལས་ཀྱི་གཞི་རྩའི་ཆ་ཤས་ཆེ་གྲས་ལྔར་བརྩི་གི་ཡོད།

3 མཐོ་རིམ་སློབ་གསོ།

སྤྱི་ལོ2006ལོའི་བར་ཨ་རིའི་སློབ་མ་ཆིག་ཁྲི་ཙམ་མཐོ་རིམ་སློབ་གླིང་གི་གྲངས་གཞིའི་སློབ་སྦྱོང་ནང་ཞུགས་ཡོད་པ་རེད། སི་ལུང་ཐེབས་རྩ་ལྷན་ཚོགས་ཀྱི་སྙན་ཞུར་གཞིགས་ན། སྤྱི་ལོ2004ནས་སྤྱི་ལོ2009ལོའི་བར་གྱི་ལོ་ལྔའི་ནང་ཨ་རིའི་སློབ་འབྲིང་རྗེས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་པ་དང་ལོ་ལྟར་ཆ་སྙོམས12%ནས14%བར་འཕར་བ་དེ་ལོ་ལྟར་གྱི་སློབ་ཞུགས་མི་གྲངས་བསྡོམས་འབོར་དང་བསྡུར་ན་ཆ་སྙོམས2%ཙམ་འཕར་ཡོད་པ་རེད། ཨའེ་ལུན་དང་ཤིས་མོན་གྱིས་སྤྱི་ལོ2008ལོར་ཧ་ལམ་ཆེད་ཚན་སློབ་གསོ་དང་ལེན་བྱེད་མཁན་བཞི་ཆ་གཅིག་ཙམ་གྱི་སློབ་མ་ཚང་མར་སློབ་ཚན་འཁྲིད་ཀྱི་ཡོད་ཅེས་བཤད་པ་རེད། AmbientInsightཞིབ་འཇུག་སྒྲིག་གཞིའི་སྙན་ཞུའི་ནང་སྤྱི་ལོ2009ལོར་ཨ་རིར་སློབ་འབྲིང44%ཡོད་པའི་སློབ་མ་ཚོས་དྲ་ཐོག་སློབ་ཚན་ཁག་གཅིག་གམ་ཡང་ན་ཚང་མ་སྦྱོང་གི་ཡོད་པ་མ་ཟད། གྲངས་ཀ་དེ་སྤྱི་ལོ2014ལོར81%འཕར་རྒྱུ་རེད་ཅེས་འཁོད་ཡོད་པ་རེད། དེ་ལས་མཐོང་ཐུབ་པ་ནི། མ་མཐའ་ཡང་ཨ་རི་ནས་དྲ་ཐོག་ཏུ་སློབ་སྦྱོང་བྱེད་པ་དེ་མགྱོགས་མྱུར་ངང་མཐའ་འགྲམ་ནས་སློབ་འབྲིང་རྗེས་ཀྱི་སློབ་གསོ་བྱེད་སྟངས་གཙོ་བོར་འགྱུར་བཞིན་ཡོད། 

ད་ལྟ་མཐོ་རིམ་སློབ་གསོ་དང་ཁེ་སྤོགས་ལས་ཁུངས་མང་པོ་ཞིག་གིས་དྲ་ཐོག་སློབ་ཚན་མཁོ་འདོན་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ་ཧ་ལམ་སྒེར་དང་ཁེ་སྤོགས་མི་གཉེར་བའི་སློབ་གྲྭ་ཕྱེད་ཀ་ཙམ་གྱིས་སློབ་ཚན་དེ་རིགས་མཁོ་འདོན་བྱེད་ཀྱི་ཡོད། Sloanསྙན་ཞུ་ནི་རིག་གཞུང་གཙོ་འཛིན་སྐོར་ཞིག་གིས་སློབ་མའི་དྲ་ཐོག་གི་སློབ་སྦྱོང་ལ་ཡིད་ཚིམས་པའི་ཚད་ནི་ཆེས་མ་མཐའ་ཡང་སྲོལ་རྒྱུན་གྱི་སློབ་སྦྱོང་རྣམ་པ་དང་གཅིག་མཚུངས་ཡིན་པ་ཤེས། མ་ལག་དེ་རིགས་གཉེར་སྐྱོང་བྱེད་པའི་མ་གནས་དམའ་རུ་ཕྱིན་པས་སྒྲིག་གཞིས་མ་གནས་ལ་བསམ་གཞིག་བྱེད་པའི་གནད་དོན་དེ་དྲ་ཐོག་ནས་ཐོན་ཁུངས་དེ་བས་མང་བ་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད། གསོ་སྦྱོང་འོས་འཚམ་བྱས་པའི་ལས་དོན་མི་སྣས་ཀྱང་ངེས་པར་དུ་དྲ་ཐོག་ཏུ་ཡོད་པའི་སློབ་མ་དང་ཕན་ཚུན་སྤེལ་རེས་བྱེད་དགོས་པ་དང་། ལས་དོན་མི་སྣ་དེ་དག་གིས་སློབ་དེབ་ཀྱི་ནང་དོན་ཤེས་རྟོགས་བྱེད་དགོས་པ་མ་ཟད། རྩིས་འཁོར་དང་དྲ་སྦྲེལ་སྤྱོད་རྒྱུར་ཡང་སྦྱོང་བརྡར་ཡག་པོ་བྱེད་དགོས། དྲ་ཐོག་སློབ་གསོ་མགྱོགས་མྱུར་ངང་འཕར་བཞིན་ཡོད་པ་དང་ཐ་ན་རྩེར་སོན་གྱི་ཞིབ་འཇུག་རྣམ་པའི་སློབ་ཆེན་ཁ་ཤས་ཀྱིས་སྐུད་ཐོག་འབུམ་རམས་པའི་སློབ་ཚན་འཕེལ་རྒྱས་གཏོང་བཞིན་ཡོད།

4 K-12སློབ་སྦྱོང་།

ཨ་རིའི་གཞུང་བཙུགས་བྱིས་གཉོར་ཁང་ནས་འབྲིང་རིམ་སློབ་གྲྭའི་བར་དུའང་གྲངས་འཛིན་བཀོལ་ནས་སློབ་སྦྱོང་བྱེད་བཞིན་ཡོད། གྲངས་ཀ་ལ་ལའི་སློབ་སྦྱོང་གི་ཁོར་ཡུག་ནི་སྲོལ་རྒྱུན་གྱི་སློབ་ཁང་དུ་བཀོད་སྒྲིག་བྱས་ཡོད་ལ། ལ་ལས་སློབ་མ་ཁྱིམ་དང་ས་ཆ་གཞན་ནས་སློབ་ཁྲིད་བྱེད་དུ་འཇུག་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གྲངས་འཛིན།