འཕྲིན་སྐྱེལ་དམགསྔ་མའི་པར་གཞི་དེ ཁྲི་པདྨ་རྣམ་རྒྱལ།  ནས 2019-12-06 11:24ལ་འགྲུབ།

འཕྲིན་སྐྱེལ་དམག

འཕྲིན་སྐྱེལ་དམག
འཕྲིན་སྐྱེལ་དམག་ནི་དམག་དཔུང་ནང་དམག་དོན་འཕྲིན་སྐྱེལ་གྱི་ལས་འགན་འཁུར་བའི་ཆེད་ལས་དམག་རིགས་ཤིག་ཡིན། སྤྱིར་བཏང་དུ་འཕྲིན་གཏོང་དང་། འཕྲིན་གཏོང་ལས་གཞི། འཕྲིན་གཏོང་ལག་རྩལ་འགན་སྲུང་། བཀོད་འདོམས་རང་འགུལ་ཅན། སྐུད་མེད་གློག་འཕྲིན་འགྲན་རྒོལ། མཁའ་འགྲུལ་དམག་གི་ཕྱོགས་སྟོན། དམག་དཔུང་སྦྲག་སྲིད་སོགས་ཆེད་ལས་དམག་དཔུང་དང་ཡན་ལག་རུ་ཁག་ལས་གྲུབ་པ་ཡིན། ལས་འགན་གཙོ་བོ་ནི་འཕྲིན་གཏོང་བྱ་ཐབས་སྣ་ཚོགས་སྤྱད་དེ་དམག་དཔུང་ཤར་གཏོང་ཐུབ་པའི་འཕྲིན་གཏོང་འབྲེལ་གཏུག་འགན་ལེན་བྱ་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱིས་འགལ་རྐྱེན་བཟོ་བ་དང་འགལ་རྐྱེན་བཟོ་བར་ངོ་རྒོལ་བྱ་རྒྱུ། མཚོ་ཁུལ་ལྟ་རྟོག་དང་། མཁའ་འགྲུལ་དམག་གི་ཕྱོགས་སྟོན་ལས་དོན། བྱེས་འཐབ་དམག་གི་སྦྲག་ལས་བཅས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། འཕྲིན་སྐྱེལ་དམག་གིས་དམག་དཔུང་གི་བཀོད་འདོམས་ལ་འགན་སྲུང་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ནུས་པ་གལ་ཆེན་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
通信兵
ཕྱི་ཡིག་མིང་།
Signal Corps
ལས་འགན་གཙོ་བོ།
འཕྲིན་སྐྱེལ་གྱི་བྱེད་ཐབས་སྣ་ཚོགས་སྒྲིག་འཛུགས་བྱས།
1 འཕྲིན་སྐྱེལ་དམག་རིགས་ཀྱི་ངོ་སྤྲོད་མདོར་བསྡུས།

འཛམ་གླིང་ཐོག་གི་རྒྱལ་ཁབ་མང་པོའི་དམག་དཔུང་ནང་འཕྲིན་སྐྱེལ་དམག་ཡོད། ཨ་རིས་སྤྱི་ལོ1863ལོར་འཕྲིན་སྐྱེལ་དམག་བཙུགས་པ་དང་།  དབྱིན་ཇིས་སྤྱི་ལོ1920ལོར་བཟོ་དམག་ཁྲོད་དུ་སྒེར་ལ་བུད་ནས་སྒེར་ཚུགས་ཅན་གྱི་དམག་རིགས་སུ་གྱུར།  ཧྥ་རན་སིས་དུས་རབས20པའི་དུས་དཀྱིལ་དུ་འཕྲིན་གཏོང་དམག་བཙུགས། དེང་རབས་ཀྱི་གོ་མཚོན་སྒྲིག་ཆས་དང་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་རྒྱལ་ཁབ་མང་པོའི་དམག་དཔུང་གིས་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་པ་དང་འཕྲིན་གཏོང་དྲ་རྒྱ་སྤྱད་དེ་དམག་འཐབ་བཀོད་འདོམས་དང་། མཚོན་ཆ་ཚོད་འཛིན། གསང་འཕྲིན་ཐག་གཅོད། རྒྱབ་ཕྱོགས་ཞབས་འདེགས་འགན་ལེན་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས་དམག་དཔུང་རང་འགུལ་ཅན་གྱི་འཕྲིན་གཏོང་མ་ལག་གྲུབ་པ་དང་ཆབས་ཅིག་འགོ་ཁྲིད་ཀྱི་དོ་དམ་སྒྲིག་སྲོལ་སྔར་བས་ལེགས་སུ་བཏང་ནས་ཆེད་ལས་བྱང་ཚད་མཐོ་བ་དང་། སྔོན་ཐོན་ལག་རྩལ་གྱི་ཆུ་ཚད་མཐོ་བ། ནུས་པ་ཆེ་བ་བཅས་ལྡན་པའི་འཕྲིན་གཏོང་དཔུང་སྡེ་དང་ཡན་ལག་རུ་ཁག་བཙུགས་ནས་གནས་ཚུལ་སྣ་ཚོགས་འོག་གི་དམག་དོན་འཕྲིན་གཏོང་ལས་འགན་ལེགས་སྒྲུབ་བྱེད་ཀྱིན་ཡོད། ཨུ་རུ་སུའི་དམག་དཔུང་གིས་སྤྱི་ལོ1851ལོར་གློག་འཕྲིན་ལེན་བཙུགས་པ་དང་། སྤྱི་ལོ1899ལོར་སྐུད་མེད་གློག་འཕྲིན་རུ་ཁག་བཙུགས། ཨ་རིའི་དམག་དཔུང་གིས་དུས་རབས19པའི་ལོ་རབས60པར་འཕྲིན་སྐྱེལ་དམག་བཙུགས། དབྱིན་ཇིའི་དམག་དཔུང་གི་འཕྲིན་སྐྱེལ་དམག་དཔུང་ནི་སྔར་བཟོ་སྐྲུན་དམག་གི་སྒྲིག་གཞི་ཡིན་པ་དང་། སྤྱི་ལོ1920ལོར་རང་ཚུགས་ཀྱི་དམག་རིགས་སུ་གྱུར། དེང་རབས་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་དཔུང་ཚང་མས་འཕྲིན་སྐྱེལ་དམག་འཛུགས་སྐྱོང་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། དམག་རིགས་དང་དཔུང་རིགས་སོ་སོའི་ནང་དུ་འཕྲིན་སྐྱེལ་དམག་བཙུགས་ཡོད། རྒྱལ་ཁབ་ཁག་གི་སྐམ་དམག་གི་ཅུན་ཤོག་ཡན་གྱི་དམག་དཔུང་ནང་སྤྱིར་བཏང་དུ་འཕྲིན་སྐྱེལ་མདའ་ཤོག་གམ་ཡང་ན་ལུའི་ཤོག་བསྒྲིགས་ཡོད་པ་དང་། རྐང་དམག་ཧྲི་ཤོག་དང་། མདའ་ཤོགརུ་ཤོགབརྒྱ་ཤོག་བཅས་ཀྱི་ནང་དུ་རྒྱུན་དུ་འཕྲིན་སྐྱེལ་རུ་ཤོག་དང་། བརྒྱ་ཤོགལྡིང་ཤོགབཅུ་ཤོག་བཅས་བསྒྲིགས་ཡོད་པར་མ་ཟད། ཅུན་ཤོག་དང་། ཧྲི་ཤོགམདའ་ཤོག་བཅས་ཀྱི་དམག་སྤྱི་ཁང་རིམ་པ་ཁག་གི་ནང་དུ་འཕྲིན་སྐྱེལ་བྱེད་སྒོའི་སྡེ་ཁག་ཀྱང་བཙུགས་ཡོད།

འཕྲིན་སྐྱེལ་དམག་དང་མཉམ་དུ་གནའ་བོའི་དམག་རིགས་ཆེན་པོ་གསུམ་གྱི་གྲས་སུ་བཞག་མྱོང་། འོན་ཀྱང་ད་ལྟ་རྩ་མེད་དུ་སོང་བ་དང་། “དཔེ་དམག”གི་གནས་བབ་ནས་ཕྱིར་སྣུར་བྱས་ཤིང་། འཕྲིན་སྐྱེལ་དམག་ཁོ་ནར་སྔར་བཞིན་འཐབ་ལྷ་ཡིས་གཅེས་སྐྱོང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། དེང་རབས་དམག་འཁྲུག་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།

རྒྱུན་དུ་འཕྲིན་གཏོང་དང་། འཕྲིན་གཏོང་ལས་གཞི། སྐུད་མེད་གློག་འཕྲིན་བཅས་ཀྱི་འགྲན་རྒོལ། མཁའ་འགྲུལ་དམག་གི་ཕྱོགས་སྟོན་དང་དམག་སྦྲག་སོགས་ཆེད་ལས་དཔུང་སྡེ་དང་ཡན་ལག་རུ་ཁག་ཚུད་ཡོད། ལས་འགན་གཙོ་བོ་ནི་དམག་དཔུང་གི་བཀོད་འདོམས་དང་གོ་མཚོན་ཚོད་འཛིན་གྱི་འཕྲིན་གཏོང་འབྲེལ་གཏུག་འགན་སྲུང་དང་། སྐུད་མེད་གློག་འཕྲིན་གྱི་འགྲན་རྒོལ་དང་། མཁའ་འགྲུལ་དམག་གི་ཕྱོགས་སྟོན་སྒྲིག་འཛུགས་དང་ཕྱི་འཐབ་དམག་དཔུང་གི་སྦྲག་སྲིད་སོགས་ལག་བསྟར་བྱེད་ཀྱིན་ཡོད། དེང་རབས་ཅན་གྱི་དམག་འཁྲུག་ནང་དེས་དམག་དཔུང་གི་བཀོད་འདོམས་ལ་འགན་སྲུང་དང་ལས་འགན་སྣ་ཚོགས་ལེགས་འགྲུབ་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། འཕྲིན་སྐྱེལ་དམག་གིས་དམག་དོན་འཕྲིན་སྐྱེལ་གྱི་ལས་འགན་འཁུར་བའི་ཆེད་ལས་དམག་རིགས། སྤྱིར་བཏང་དུ་འཕྲིན་གཏོང་དང་། འཕྲིན་གཏོང་ལས་གཞི། འཕྲིན་གཏོང་ལག་རྩལ་འགན་སྲུང་། སྐུད་མེད་གློག་འཕྲིན་འགྲན་རྒོལ། མཁའ་འགྲུལ་དམག་གི་ཕྱོགས་སྟོན། དམག་དཔུང་སྦྲག་སྲིད་སོགས་ཆེད་ལས་དཔུང་སྡེ་དང་ཡན་ལག་རུ་ཁག་གིས་གྲུབ་པ་ཡིན། ལས་འགན་གཙོ་བོ་ནི་འཕྲིན་གཏོང་བྱ་ཐབས་སྣ་ཚོགས་སྤྱད་དེ་དམག་དཔུང་ཤར་གཏོང་ཐུབ་པའི་འཕྲིན་གཏོང་འབྲེལ་གཏུག་འགན་ལེན་བྱ་རྒྱུ་དང་། སྐུད་མེད་གློག་འཕྲིན་གྱིས་འགལ་རྐྱེན་བཟོ་བ་དང་འགལ་རྐྱེན་བཟོ་བར་ངོ་རྒོལ་བྱ་རྒྱུ། མཚོ་ཁུལ་ཀོན་ཐུང་དང་། མཁའ་འགྲུལ་དམག་གི་ཕྱོགས་སྟོན་ལས་དོན། བྱེས་འཐབ་དམག་གི་སྦྲག་ལས་བཅས་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། འཕྲིན་སྐྱེལ་དམག་གིས་དམག་དཔུང་གི་བཀོད་འདོམས་ལ་འགན་སྲུང་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ནུས་པ་གལ་ཆེན་ལྡན། 

2 འཕྲིན་སྐྱེལ་དམག་གི་ཁྱད་ཆོས་གཙོ་བོ། 

འཕྲིན་སྐྱེལ་དམག་གི་ཁྱད་ཆོས་ནི་སྒྲིག་ཆས་རྙོག་འཛིང་ཆེ་བ་དང་། འཕྲིན་སྐྱེལ་འབྲེལ་གཏུག་བྱེད་ཐབས་མང་བ། ལག་རྩལ་གྱི་རང་བཞིན་ལྡན་པ། ཆེད་ལས་ཀྱི་རང་བཞིན་ལྡན་པ།  གསང་བའི་རང་བཞིན་དང་ལས་ཆོད་རང་བཞིན་ཤུགས་དྲགས་པ་བཅས་ཡིན།

3 འཕྲིན་སྐྱེལ་དམག་གི་སྒྲིག་ཆས་གཙོ་བོ།

འཕྲིན་སྐྱེལ་དམག་གི་སྒྲིག་ཆས་ལ་བཟོ་དབྱིབས་མི་འདྲ་བའི་རླབས་ཐུང་དང་རླབས་ཐུང་གི་གློག་འཕྲིན་ཁང་། ཕྱོགས་གཅིག་ནས་གློག་འཕྲིན་ཁང་དང་རླབས་ཕྲན་མཐུད་རྒྱུག་འཕྲུལ་ཆས། གོ་རིམ་འཛིན་པའི་ཁ་པར་དང་འཕྲིན་སྐྱེལ་འཕྲུལ་ཆས་སོགས་འཕྲིན་གཏོང་འབྲེལ་གཏུག་དང་རང་འགུལ་ཅན་གྱི་བཀོད་འདོམས་ཡོ་བྱད་དང་སྒྲིག་ཆས་སྣ་ཚོགས་ཡོད། སྒྲིག་ཆས་དེ་དག་གཙོ་བོ་སྐུད་མེད་གློག་འཕྲིན་དང་། སྐུད་ཡོད་གློག་འཕྲིན། རིམ་པ་ཁག་གི་རང་འགུལ་ཅན་གྱི་བཀོད་འདོམས་མ་ལག་སོགས་འཕྲིན་གཏོང་འགན་ལེན་དྲ་རྒྱ་སྣ་ཚོགས་འཛུགས་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།


དཔྱད་གཞིའི་ཡིག་ཆ།